བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ།

སྐད་ཡིག་གཞན།
བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་གཞུང་འདི་ནི། སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་དམིགས་པའི་སེམས་ཏེ། བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་བསྐྱེད་པར་བྱེད་པ་ལ་ཉམས་ལེན་དང་དངོས་སུ་འབྲེལ་བའི་སྔ་རབས་ཀྱི་གཞུང་ཞིག་ཡིན། ལེའུ་དང་པོའི་ནང་བྱང་ཆུབ་ཀྱི་སེམས་བསྐྱེད་པའི་ཕན་ཡོན་སྐོར་གསུང་གི་ཡོད། ལེའུ་གཉིས་པ་དང་གསུམ་པའི་ནང་ཡན་ལག་བདུན་གྱི་སྨོན་ལམ་དང་། བྱང་ཆུབ་ཀྱི་སེམས་བསྐྱེད་པ་དེ་རྒྱུན་སྐྱོང་ཞིང་སྲུང་བ་དང་དེ་ལས་མི་གོལ་བ་བཅས་ཀྱི་སྐོར་གསུང་གི་ཡོད། དེའི་རྗེས་སུ་བཟོད་པ་དང་། བརྩོན་འགྲུས། བསམ་གཏན། བདེན་པ་གཉིས་དང་འབྲེལ་བའི་ཤེས་རབ་ཀྱི་ལེའུ། བྱེ་བྲག་ཏུ་དོན་དམ་བདེན་པ་དང་འབྲེལ་བའི་སྟོང་ཉིད་ཀྱི་སྐོར་བཅས་གསུང་གི་ཡོད། མཐའ་མ་ནི་ཉམས་ལེན་འདི་དག་ལ་བརྟེན་ནས་བསགས་པའི་དགེ་བ་བསྔོ་བའི་ལེའུ་སྟེ། དགེ་བ་གང་བསགས་པ་དེས་སེམས་ཅན་ཐམས་ཅད་ཀྱིས་མྱོང་བའི་སྡུག་བསྔལ་གྱི་རིགས་ཡོད་དོ་ཅོག་སེལ་བར་བསྔོ་བའོ།།

Top