Alexander berzin large

འབུམ་རམས་པ་ཨེ་ལེག་ཛན་ཌར་བྷར་ཛིན།

གསར་འཛུགས་གནང་མཁན་དང་རྩོམ་པ་པོ།

འབུམ་རམས་པ་ཨེ་ལེག་ཛན་ཌར་བྷར་ཛིན་ (༡༩༤༤ - ད་བར་) ནི་ནང་ཆོས་ཀྱི་ལོ་ཙཱ་བ་དང་། སློབ་དཔོན། མཁས་དབང་ཡིན་པ་མ་ཟད། ནང་ཆོས་ལ་ལོ་ ༥༠ ལྷག་རིང་ཉམས་ལེན་གནང་ནས་ཉམས་མྱོང་ཕྱུག་པོ་ཡོད་མཁན་ཞིག་རེད། ཧར་ཝརྡ་་གཙུག་ལག་སློབ་ཁང་ཆེན་མོ་ནས་རིག་པའི་ཆུ་གཏེར་གྱི་ཕྱག་འཁྱེར་བཞེས་རྗེས་རྒྱ་གར་ནང་ལོ་ ༢༩ ཙམ་གྱི་རིང་ང་ཚོའི་དུས་རབས་འདིར་ཡོད་པའི་བོད་ཀྱི་བླ་མ་མཁས་པ་མང་པོ་སློབ་དཔོན་དུ་བསྟེན་ནས་སློབ་གཉེར་གནང་། དེར་ཁོང་གིས་སྐབས་རེ་༸གོང་ས་༸སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་དང་ཁོང་གི་ཡོངས་འཛིན་དང་། དེ་བཞིན་མཚན་ཞབས་ཀྱི་གྱི་གསུང་བསྒྱུར་ཀྱང་གནང་། ཁོང་ནི་བྷར་ཛིན་བཤད་མཛོད་ Berzin Archives དང་།  དེ་བཞིན་ནང་ཆོས་སྦྱོངས་ studybuddhism.com ཞེས་པའི་དྲྭ་ལྗོངས་གསར་འཛུགས་གནང་མཁན་དང་རྩོམ་པ་པོ་ཡིན། 

Top