བྷར་ཛིན་བཤད་མཛོད།

འབུམ་རམས་པ་ཨེ་ལེག་ཛན་ཌར་བྷར་ཛིན་གྱི་ནང་བསྟན་བཤད་མཛོད།

དྲ་ཤོག་དེའི་ནང་གི་ཡིག་ཐོག་ཅི་ཡོད་ལ་ཁ་ཕོད་པ། ཁ་ལོ་བ་གཙོ་བོར་མཆོངས། ཁ་ལོ་བ་གཙོ་བོར་རྒྱུགས།

དྲ་ཤོག་ངོ་གདོང་། > བོད་སོག་ནང་ཆོས་ཀྱི་རྨང་གཞི། > རིམ་པ། ༢། ལམ་རིམ། > ༧གོང་ས་༸སྐྱབས་མགོན་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་ནས་ལམ་རིམ་སློབ་ཁྲིད་གནང་ཕྱོགས་སྐོར་ལམ་སྟོན།

༧གོང་ས་༸སྐྱབས་མགོན་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་ནས་ལམ་རིམ་སློབ་ཁྲིད་གནང་ཕྱོགས་སྐོར་ལམ་སྟོན།

རྡ་རམ་ས་ལ། རྒྱ་གར། ཕྱི་ལོ་ ༡༩༨༦ ཟླ་ ༣ ཚེས་ ༢༦ ཉིན།
ཨེ་ལེག་ཛན་ཌར། བྷར་ཛིན་གྱིས་བསྒྱུར།
སྦྲགས་ཤད་གུག་ཁ་གང་མའི་ནང་དུ་གསལ་བཤད་བསྟན་ཡོད།

ལམ་རིམ་དང་བདེན་པ་བཞི།

བྷར་ཛིན། ཤར་ཡུ་རོབ་ཡུལ་གྲུ་ཁག་ནང་ལམ་རིམ་གསུང་ཆོས་གནང་ཐབས་ཡག་ཤོས་གང་ཡིན་ནམ། ༧གོང་ས་མཆོག་ནས་བླ་མ་མཆོད་པའི་བཀའ་འཁྲིད་ནང་བདེན་པ་བཞི་དང་སྐྱེ་བུ་འབྲིང་གི་ལམ་རིམ་ནས་སྒོ་འཛུགས་དགོས་པར་གསུང་འདུག དེས་སྐོར་རྒྱས་བཤད་གསུང་གནང་རོགས། དེ་དང་མཉམ་དུ་༧གོང་ས་མཆོག་ནས་བཤེས་གཉེན་བསྟེན་ཚུལ་ཞེས་པ་དང་སྔོན་འགྲོའི་ཕྱག་ལེན་སྐོར་བཀའ་སློབ་ལམ་སྟོན་གནང་རོགས། དམར་པོའི་ཡུལ་གྲུ་ཁག་ནང་མཆོད་ཤོམ་སྟེང་སྟོན་པའི་སྣང་བརྙེན་འགྲིག་ཤོམ་དང་ཡོན་ཆབ་འབུལ་ཡ་དེ་ཚོ་དོགས་གཞི་ཅན་གྱི་ལས་སུ་འཛིན་ཀྱི་ཡོད།

༧གོང་ས་མཆོག་ནས། ངོས་ཀྱི་བསམ་པར་དམར་པོའི་ཡུལ་གྲུ་ཙམ་དུ་མ་ཟད་ཡུལ་གྲུ་གཞན་ཁག་གི་ནང་ཡང་ཐོག་མར་བདེན་པ་བཞིའི་གསུང་ཆོས་ནས་འགོ་འཛུགས་གནང་ན་ལེགས་ཤོས་རེད།

སྤྱིར་བཏང་ནས་ང་ཚོས་བདེན་པ་བཞི་རིམ་པ་གཉིས་སྒོ་ནས་ཤེས་དགོས། [གནས་སྐབས་སྡུག་བསྔལ་ལས་ཐར་པའི་རིམ་པ་དང་། དོན་དམ་པར་སྡུག་བསྔལ་ལས་ཐར་བའི་རིམ་པ་བཅས་གཉིས་ཡོད། གནས་སྐབས་ཀྱི་ཐར་པ་ལ་དམིགས་པ་ནི་སྐྱེས་བུ་ཆུ་ངུའི་ལམ་རིམ་གྱི་ཀུན་སློང་སྤྱོད་རྒྱུའི་སྔོན་འགྲོའི་རིམ་པ་དང་མཚུངས། དོན་དམ་པའི་ཐར་པ་ལ་དམིགས་པ་ནི་འཁོར་བ་ལས་ཐར་པའམ་སངས་རྒྱས་ཀྱི་གོ་འཕང་ཐར་ཐུག་ཐོབ་པ་དེ་ཡིན། དེ་ནི་སྐྱེས་བུ་འབྲིང་དང་སྐྱེས་བུ་ཆེན་པོའི་ཀུན་སློང་སྤྱོད་རྒྱུའི་རིམ་པ་དང་མཚུངས།]

གནས་སྐབས་ཀྱི་ཐར་པ་ལ་དམིགས་པ།

རིམ་པ་དང་པོའི་སྐབས།

༡) འདོད་ཆགས་དང་ཞེ་སྡང་གི་ལས་ལས་ང་ཚོས་མི་དགེ་བའི་ལས་བསགས་ཀྱི་ཡོད། དེ་འབྲས་ང་ཚོ་ངན་འགྲོའི་གནས་སུ་སྐྱེ་བ་ལེན་གྱི་ཡོད། ང་ཚོས་གྲོས་བསྡུར་བྱེད་ཡ་གི་སྡུག་བསྔལ་བདེན་པའམ་དཀའ་ངལ་དངོས་ནི་ངན་འགྲོ་གསུམ་[དམྱལ་བའི་འགྲོ་བ་དང། ཡི་དགས། དུད་འགྲོ་བཅས་]གྱི་སྡུག་བསྔལ་རེད།

༢) དེ་དག་གི་རྒྱུ་ནི་མི་དགེ་བའི་ལས་རེད། མི་དགེ་བའི་ལས་དེ་དག་ནི་ལས་དགེ་སྡིག་གི་སྤྱོད་ཚུལ་མི་ཤེས་པ་(ལས་འབྲས་མ་རིག་པ་)དབང་ལས་བྱུང་། སྡུག་བསྔལ་གྱི་རྒྱུ་གཙོ་བོ་མི་ཤེས་པ་དེ་ཀུན་འབྱུང་བདེན་པ་ཡིན་པར་འགྲེལ་བརྗོད་གནང་དགོས།

༣) རང་ཉིད་ངན་འགྲོའི་སྡུག་བསྔལ་ལས་ཐར་ཐབས་ཀྱི་སྔོན་འགྲོའི་ཐབས་ཚུལ་ནི་སྡུག་བསྔལ་དེ་དག་གྲོལ་འདོད་ཀྱི་སེམས་པ་དེ་རེད། དེ་ལྟ་བུའི་ཐར་པ་ [འགོག་པ་དངོས་སམ་འགོག་བདེན།] དེ་འགྲེལ་བརྗོད་གནང་དགོས།

༤) དེ་ལྟ་བུའི་ཐར་པ་ཐོབ་ཆེད་མི་དགེ་བ་བཅུ་སྤོང་བའི་ཚུལ་ཁྲིམས་ཉམས་སུ་བླངས་དགོས། དེ་ལམ་གྱི་བདེན་པ་དངོས་ཡིན་པ་འགྲེལ་བརྗོད་གནང་དགོས། དེ་ནས་བདེན་པ་བཞི་ཀ་ཚང་བ་རེད།

ཕྱོགས་གཞན་ཞིག་ནས་བཤད་ན་ཐོག་མར་བདེན་པ་བཞིའི་སྤྱི་བཤད་ཞིག་གནང་། དེ་ནས་བདེན་པ་བཞི་པོའི་སྒྲོམ་གཞི་དེས་ནང་རིམ་པ་དང་པོར་[སྐྱེས་བུ་ཆུང་ངུའི་ལམ་གྱི་རིམ་པའི་སྔོན་འགྲོའི་ཀུན་སློང་སྤྱོད་སྟངས་དང་མཐུན་པ་]ཐོག་མར་ང་ཚོས་སྐྱེ་བ་དམན་ཤོས་རྣམས་གཞི་རྩར་བཟུང་ནས་འགྲེལ་བཤད་གནང་དགོས། དེ་ནས་[སྡུག་བསྔལ་བདེན་པའི་ཐད་]ཁམས་འོག་མའི་སྡུག་བསྔལ་རྣམས་འགྲེལ་བཤད་གནང་དགོས། དེ་ནས་ཐོབ་བྱ་ཁམས་གོང་མའི་བདེ་སྐྱིད་དང་དགའ་བདེ་དངོས་རྣམས་ཐར་པའི་དཔེ་མཚོན་དུ་ལེན་ནས་འགྲེལ་བཤད་གནང་དགོས། དེ་ནི་སྡུག་བསྔལ་ལས་ཐར་པའི་བྲལ་ཆ་དེ་ཡིན་པས་ཐར་པར་བརྗོད་ཆོག མ་རེད་དམ། དེ་ནི་གནས་སྐབས་ཀྱི་ཐར་པ་ལྟ་བུ་རེད།

དེ་ནས་སྡུག་བསྔལ་འདིའི་རྒྱུ་[མི་དགེ་བའི་ལས་]དང་བཅས་པ་ལས་ཐར་བའི་ཐར་པའི་ལམ་ལ་འགོད་པའི་རིམ་པའི་ནང་ནས། རྒྱུ་འབྲས་དང་འབྲེལ་བའི་ཁྲིམས་གཉིས་སྡུག་བསྔལ་གྱི་སྡུག་བསྔལ་དང་འབྲེལ་ཆགས་ཆེ། [ངན་འགྲོའི་གནས་སུ་སྐྱེ་ནས་མྱོང་འགྱུར་གྱི་སྡུག་བསྔལ་གྱི་སྡུག་བསྔལ་དང་བསྟུན་ནས་]རྒྱུ་ཆུང་ཆུང་ལས་འབྲས་བུ་ཆེན་པོ་འབྱུང་བ་དང་། ལས་བྱས་པ་ཆུད་མི་ཟ་བ་(འབྲས་བུ་མེད་པ་མ་རེད)། [སྡིག་པ་དང་མི་དགེ་བའི་ལས་ཀྱི་ས་བོན་དང་བཅས་སེལ་མི་བྱུང་བར་མི་དགེ་བའི་ལས་ལ་བརྟེན་ནས་མཐར་སྡུག་བསྔལ་མྱོང་དགོས་ཀྱི་ཡོད།]འདིས་བརྒྱུད་རྣམ་བྱང་ཕྱོགས་ཀྱི་བདེན་པ་བཞི་སྒྲུབ། སྡུག་བསྔལ་གྱི་སྡུག་བསྔལ་དང་དེས་རྒྱུ་དང་བཅས་པ་སྤོང་པའི་བྲལ་བ་དང་། དེ་ཐོབ་པའི་ལམ་ལ་འགོད། འདི་འདྲ་བྱེད་ནས་བདེན་པ་བཞི་པོ་ཡོང་གི་ཡོད། མ་རེད་དམ། ལམ་རིམ་སློབ་ཁྲིད་སྐབས་གལ་གནད་ཆེན་ཤོས་འཛིན་དགོས་པ་ནི་བདེན་པ་བཞི་དང་། ཐར་པ་ཐོབ་འདོད་དེ་ཡིན།

དེའི་སྟེང་སྐྱབས་འགྲོ་ཡོང་དགོས་ཀྱི་ཡོད། དེ་ཡག་ཤོས་རེད། མ་རེད་དམ། དེ་མིན་གལ་ཏེ་ང་ཚོས་ཆོས་ཀྱི་སྙིང་པོ་བདེན་པ་བཞིར་ངོས་འཛིན་མ་གནང་ན་དལ་བརྒྱད་འབྱོར་བཅུ་ཚང་བའི་མི་ལུས་རིན་ཆེན་གྱི་གལ་གནད་སྐོར་འགྲེལ་བརྗོད་བྱེད་རྒྱུ་གང་ཡོད།[བདེན་པ་བཞི་པོ་དང་མ་འབྲེལ་བར་]གལ་ཏེ་ང་ཚོས་མི་ལུས་རིན་ཆེན་སྐོར་བསམ་བློ་བཏང་ཚེ་མིའི་ལུས་བརྟེན་འདི་གལ་ཆེན་པོ་ཡིན་པ་ཙམ་གྱིས་ཧ་ལས་རྒྱུ་གང་ཡང་མེད།

ས་སྐྱའི་ཆོས་རྒྱུད་ནས་གསུང་པས་ལམ་འབྲས་ཀྱི་སྲོལ་ལམ་འབྲས་ཀྱི་སྒྲོམ་གཞི་དེ་ཡང་བདེན་པ་བཞི་ལ་དམིགས་ནས་གསུང་པ་ཞིག་ཡིན། ཐོག་མར་ང་ཚོས་སྡུག་བསྔལ་སྐོར་བསམ་བློ་གཏོང་དགོས། དེ་རྗེས་གཞི་ནས་དལ་བརྒྱད་སྦྱོར་བཅུ་ཚང་བས་མི་ལུས་རིན་ཆེན་སྐོར་བསམ་བློ་གཏོང་དགོས། ངོས་ཀྱི་སེམས་པར་འདི་གལ་ཆེན་པོ་རེད་འདུག གང་ལྟར་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཀྱང་ཐོག་མར་བདེན་པ་བཞི་གསུངས་ཡོད། དེ་འདྲ་བྱས་ནས་ཁྱེད་ནས་སྐྱེས་བུ་འབྲིང་དང་སྐྱེས་བུ་ཆེན་པོའི་ལམ་གྱི་རིམ་པ་རྣམས་ལས་ལྷ་པོས་ངང་མཐར་ཐུག་གི་ཐར་པ་ཐོབ་ཆེད་བདེན་པ་བཞིའི་སྒྲོམ་གཞི་ནང་འཇོག་ཐུབ།

ཐར་པ་དངོས་ལ་དམིགས་པ།

བྷར་ཛིན། ༧གོང་ས་མཆོག་གྱིས་ཐོག་མར་ནས་སྐྱེས་བུ་འབྲིང་གི་སྐོར་ལ་ཡང་ནན་བཤད་བྱེད་དགོས་དོན་གསུང་པ་ལ་མཚོན་ན་དེ་ཉོན་མོངས་པའི་སེམས་དང་བསམ་བློའི་འཁྱེར་སོ། སེམས་ཀྱི་སྐོར་འགྲེལ་བཤད་གནང་དགོས་པར་ནན་བཤད་བྱེད་པ་རེད་དམ།

༧གོང་ས་མཆོག་ནས། རེད། དེ་ཡག་ཤོས་རེད། གལ་ཏེ་ཁྱེད་ཀྱི་སྔོན་འཚུད་ནས་ཐར་པ་སྒྲུབ་རྒྱུ་ཡོད་པའི་བདེན་ཚུལ་དེར་ངེས་ཤེས་མ་བྱུང་ན་ཁྱེད་ནས་ཆོས་ཀྱི་ཉམས་ལེན་ཐུབ་ཀྱི་མ་རེད།[ཕྱོགས་གཞན་ཞིག་ནས་བཤད་ན་ང་ཚོས་ཉོན་མོངས་པའི་སེམས་(སྡུག་བསྔལ་བདེན་པ་དང་ཀུན་འབྱུང་བདེན་པ་) གློ་བུར་་ཡིན་པའི་ངེས་ཤེས་སྐྱེས་དགོས། དེའི་དོན་སེམས་རང་བཞིན་དག་པ་(རང་བཞིན་གྱི་འགོག་བདེན་དང་།) དེར་སོང་ཙང་ཉོན་མོངས་པའི་སེམས་དང་ཉོན་མོངས་པའི་བསམ་བློ་འཁྱེར་སོ་རྣམས་གཏན་དུ་སེལ་རྒྱུ་ཡོད། (ལམ་བདེན་བརྒྱུད་ནས་་འགོག་བདེན་ཐོབ་པ།)]

གཞན་ཡང་། [སྐྱེས་བུ་ཆེན་པོའི་ཐད་]བྱམས་པ་དང་། སྙིང་རྗེ། བྱང་ཆུབ་ཀྱི་སེམས་སྐོར་འགྲེལ་བཤད་རྟོག་ཙམ་གནང་ན་ལེགས། སྐྱེ་བ་སྔ་ཕྱི་ཁས་ལེན་རུང་མ་ལེན་རུང་། རང་དབང་མེད་པའི་སྐྱེ་འཆི་ལས་ཐར་པའི་ཐར་པ་ཡོད་མེད་ཁས་ལེན་རུང་མ་ལེན་རུང་། གང་ལྟར་ནའང་མི་ཚེ་འདིས་ནང་བརྩེ་སེམས་ཅན་གྱི་སྐྱེས་བུ་ཞིག་དང་། གཞན་དང་མཐུན་འདྲིས་ངང་གནས་ཐབས་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་རེད།

དེ་ནས་ཚད་མེད་བཞི་སྟེ་སེམས་ཅན་ཐམས་ཅད་སྡུག་བསྔལ་ལས་ཐར་འདོད་དང་། བདེ་བ་ཐོབ་འདོད། སྡུག་བསྔལ་གྱི་རྒྱུ་ལས་བྲལ་འདོད། བདེ་བ་ལས་ནམ་ཡང་མི་བྲལ་བར་འདོད་པའི་སྐོར་བསམ་བློ་གཏོང་ན་ལེགས། དེ་རྗེས་བདག་གཞན་མཉམ་བརྗེས་སྒོམ་ཚུལ་སྐོར་འགྲེལ་བརྗོད་གྱིས། ཕྱོགས་གཞན་ཞིག་ནས་བཤད་ན་རང་དོན་དོན་གཉེར་ (རང་བཅེས་པར་འཛིན་པ་)སྡུག་བསྔལ་ཀུན་གྱི་རྩ་བ་དང་། གཞན་དོན་དོན་གཉེར་ (གཞན ་བཅེས་པར་འཛིན་པ་)བདེ་བ་ཀུན་གྱི་རྩ་བ་ཡིན་པའི་གནད་དོན་དེ་གཉིས་ལ་ངེས་ཤེས་བྱུང་རྗེས་རང་ཉིད་སྤྱི་ཚོགས་ལ་ཕན་པའི་ལས་ལ་བཞུགས་དགོས།

ལམ་རིམ་ནང་བླ་མ་བསྟེན་ཚུལ་གྱི་གནས་བབས།

བྷར་ཛིན། ཁོང་ཚོར་བླ་མ་མེད་པས་བླ་མ་བསྟེན་ཚུལ་སྐོར་གསལ་བཤད་གནང་དགོས་དོན་ཡོད་དམ།

༧གོང་ས་མཆོག་ནས། ང་ཚོས་སྐྱབས་འགྲོ་བྱེད་སྐབས་སྐྱབས་ཡུལ་དངོས་ནི་ཆོས་དཀོན་མཆོག་ཏེ་[འགོག་བདེན་དང་ལམ་བདེན]རེད། ཆོས་དཀོན་མཆོག་ང་ཚོའི་སེམས་ཀྱི་རྒྱུན་ནང་ཡོང་ཕྱིར་ང་ཚོས་དེ་སྐྱེ་བའི་ཐབས་ཤེས་དགོས་པ་དང་། ཆོས་དཀོན་མཆོག་གི་གནས་སྟངས་དངོས་འགྲེལ་བརྗོད་བྱེད་མཁན་[འགྲེལ་བཤད་ཀྱི་སྒོ་ནས་དང་རང་གི་མྱོང་བའི་ཐོག་ནས་ཤེས་མཁན་]གང་ཟག་ཞིག་ཡོད་དགོས། ང་ཚོར་དཀོན་མཆོག་སྒྲུབ་པའི་ཟླ་གྲོགས་དགེ་འདུན་དཀོན་མཆོག་ཏེ་ཆོས་དཀོན་མཆོག་དངོས་སྒྲུབ་པའི་ལམ་ལ་འཇུག་མཁན་དང་། ལམ་གང་འཚམས་ཐོབ་ཟིན་པའི་སྐྱེས་བུ་ཡང་ཡོད་དགོས།

དེ་འདྲ་སོང་ཙང་ང་ཚོས་དགེ་བའི་བཤེས་གཉེན་ལས་གཞན་པའི་བསྟན་པ་སུ་ཡིན་མིན་ཤེས་ཐབས་བྱས་དུས་བོད་སྐད་ནང་ཡོད་པའི་བསྟན་པ་ཟེར་བ་བརྡ་ཆད་དེ་དགེ་བའི་བཤེས་གཉེན་ལའང་གོ་གི་ཡོད། ཆོས་སློབ་ཁྲིད་གནང་མཁན་གྱི་དགེ་བའི་བཤེས་གཉེན་མེད་པར་ང་ཚོས་ཆོས་ཉམས་ལེན་གནང་མི་ཐུབ། དེ་འདྲ་སོང་ཙང་ང་ཚོར་དགེ་བའི་བཤེས་གཉེན་དགོས་ཀྱི་ཡོད།

ང་ཚོས་སྲོལ་རྒྱུན་ལམ་རིམ་ནས་གསུང་པའི་དགེ་བའི་བཤེས་གཉེན་དང་དེ་དག་གི་ཁྱད་ཆོས་སྐོར་འགྲེལ་བཤད་རྒྱག་དགོས་དོན་མེད་ལ་གལ་ཆེན་པོ་ཡང་མཐོང་གི་མེད། དེ་ལས་སྟབས་བདེ་བར་བྱས་ན་ལེགས། ང་ཚོར་ཆོས་གསུང་མཁན་གྱི་གང་ཟག་དེ་གལ་ཆེ་རེད་ཙང་དཔེ་ཆ་ནང་གང་ཟག་དེའི་ཁྱད་ཆོས་འགྲེལ་བཤད་ཡོད། དེ་དང་མཉམ་དུ་དགེ་བའི་བཤེས་གཉེན་གྱི་ཁྱད་ཆོས་བཤེས་གཉེན་གྱི་རིམ་པ་མི་འདྲ་བ་འདུལ་བ་དང་། ཐེག་ཆེན་མདོ་ལ་སོགས་པའི་ནང་གསུངས་པ་ལྟར་འགྲེལ་བརྗོད་བྱས་ཀྱང་ཆོག

བྷར་ཛིན། ཉེ་དུས་ང་ཤར་ཡུ་རོབ་ལ་འགྲོ་དུས་ངོས་ནས་མི་ལུས་རིན་ཆེན་སྐོར་འགྲེལ་བརྗོད་བྱས་པ་ཡིན། རྒྱལ་ཁབ་དེ་ཚོས་ནང་འདུག་མཁན་གྱི་མི་མང་པོས་དམར་པོའི་སྲིད་གཞུང་འོག་རང་ཉིད་ཀྱི་མི་ཚེ་ལ་ཕན་པ་དང་མཐར་ཐུག་མི་ཚེ་དོན་དང་ལྡན་པའི་ཕན་ཐོག་ཡོད་པ་གང་ཡང་བྱས་མ་ཐུབ་པར་སོང་བློ་ཕམ་ཞེ་དྲག་བྱས་ཀྱི་འདུག ངོས་ཀྱི་ཤེས་ཚོས་ལ་ཁོ་ཚོས་མི་ལུས་རིན་ཆེན་སྐོར་གྱི་གསུང་ཆོས་ལ་ཡི་རངས་ཤུགས་ཆེ་བྱེད་ཀྱི་འདུག

༧གོང་ས་མཆོག་ནས། དེ་ཡག་པོ་རེད། འདི་ཐབས་ལམ་ཡང་དག་རེད།