བྷར་ཛིན་བཤད་མཛོད།

འབུམ་རམས་པ་ཨེ་ལེག་ཛན་ཌར་བྷར་ཛིན་གྱི་ནང་བསྟན་བཤད་མཛོད།

དྲ་ཤོག་དེའི་ནང་གི་ཡིག་ཐོག་ཅི་ཡོད་ལ་ཁ་ཕོད་པ། ཁ་ལོ་བ་གཙོ་བོར་མཆོངས། ཁ་ལོ་བ་གཙོ་བོར་རྒྱུགས།

དྲ་ཤོག་ངོ་གདོང་། > ནང་ཆོས་ལ་འཇུག་པ། > དེང་དུས་ཀྱི་འཛམ་གླིང་ནང་ནང་ཆོས། > བདེན་པ་གཅིག་གམ་དུ་མར་ཡིད་ཆེས།

བདེན་པ་གཅིག་གམ་དུ་མར་ཡིད་ཆེས།

༸གོང་ས་༸སྐྱབས་མགོན་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ།
ཇར་མན། ཧམ་བྷག། ཕྱི་ལོ་ ༢༠༠༧ ཟླ་ ༧ ཚེས་ ༢༡ ཉིན།
ཨེ་ལེག་ཛན་ཌར། བྷར་ཛིན་གྱིས་ཕབ་སྒྱུར་དང་ཕྱོགས་སྒྲིག་རོབ་ཙམ་ཞུས།

ཆོས་ལུགས་ཁ་ཤས་ཀྱིས་བདེན་པ་གཅིག་ལ་ཡིད་ཆེས་བྱེད་པ་དང་ཁ་ཤས་ཀྱིས་བདེན་པ་དུ་མར་ཡིད་ཆེས་བྱེད་ཀྱི་ཡོད་པ་རེད། ཁྱད་པར་དེ་ང་ཚོས་ཐག་གཅོད་ཇི་ལྟར་བྱེད་དགོས་སམ།

དཔེར་ན། མི་ཁ་ཤས་ཀྱིས་སོ་སོའི་ཆོས་ལུགས་དེ་མཐར་ཐུག་སྟེ། བདེན་པ་ཉིད་དང་ཆོས་ལུགས་གཞན་དག་བདེན་པ་མ་ཡིན་པའི་ཡིད་ཆེས་དངོས་སུ་བྱེད་ཀྱི་ཡོད་པ་རེད། འོན་ཀྱང་ཆོས་ལུགས་ཞེས་པ་དེ་གང་ཟག་སྒེར་སོ་སོའི་གནད་དོན་ཞིག་ཡིན། དེ་འདྲ་སོང་ཙང། གང་ཟག་སྒེར་སུ་ཞིག་ལ་མཚོན་ནའང། ཁོའམ་མོས་ཡིད་ཆེས་བྱེད་པ་དང་རྗེས་སུ་འཇུག་པ་ནི་དོན་དངོས་ཐོག་སོ་སོ་སོར་ཆོས་ལུགས་གཅིག་རང་ཡོད་པ་རེད། འོནཀྱང་ངོས་ཀྱི་གྲོགས་པོ་ཚོར་མཚོན་ན། ཁོང་ཚོས་མི་ཚང་མར་ཆོས་ལུགས་ངོ་མ་གཅིག་ལས་མེད་པའི་ཡིད་ཆེས་བྱེད་ཀྱི་ཡོད། འཛམ་བུ་གླིང་དེའི་ཐོག་ཆོས་ལུགས་དུ་མ་དང་བདེན་པ་དུ་མ་ཡོད་པ་ནི་དངོས་ཡོད་གནས་ཚུལ་རེད། ང་ཚོས་དོན་དངོས་དེ་ཁས་ལེན་དགོས། དེ་འདྲ་སོང་བ་ཡིན་ཙང། གང་ཟག་དང་སྤྱི་ཚོགས་དུ་མ་ཞིག་ལ་མཚོན་ན། ཆོས་ལུགས་མང་པོ་ཞིག་ཡོད་པ་དེ་ནི་རན་ཞིང་འཚམ་པ་ཡིན།

བདེན་པ་གཅིག་ལས་མེད་པར་སེམས་མཁན་ཚོ་ལ་མཚོན་ན། ཆོས་ལུགས་གཅིག་སྟེ། ཆོས་ལུགས་དེའི་ཐོག་འགྲོ་བ་དང་དེ་ཉར་ཚགས་བྱེད་དགོས། འོན་ཀྱང་ཆོས་ལུགས་གཞན་གྱིས་ཆོས་ངོས་ཀྱི་གྲོགས་ཕོ་མོ་ཚོར་ཕན་ཐོགས་ཆེན་པོ་ཡོང་གི་ཡོད་པར་བརྟེན་དེ་དག་ལ་གུས་བརྩི་གནང་རོགས། རྒྱུ་མཚན་དེ་ལ་བརྟེན་ནས་ངོས་རང་ནས་ཡེ་ཤུ་དང་། ཁ་ཆེ། ཇེའུ། ཧིན་དྷུ་སོགས་ཆོས་ལུགས་ཚང་མར་ཡིད་སྨོན་དང། རྗེས་སུ་ཡི་རང། གུས་བརྩི་ཞུ་གི་ཡོད།

ཡེ་ཤུའི་རྗེས་འབྲང་པ་ཁ་ཤས་ཀྱིས་ངོས་རང་ཡེ་ཤུའི་རྗེས་འབྲང་ཡག་པོ་ཞིག་ཡིན་པར་བརྗོད། ངོས་ནས་ཡེ་ཤུའི་རྗེས་འབྲང་པ་ཁ་ཤས་ནང་པ་ཡག་པོ་ཞིག་ཡིན་པར་ཆ་འཇོག་བྱེད། ཡེ་ཤུའི་ཉམས་ལེན་ཆེ་ཁག་སྟེ། བཟོད་པ་དང། སྙིང་རྗེ། བྱམས་བརྩེ་ལ་སོགས་རྣམས་ངོས་ནས་ཁས་ལེན་བྱེད་ཀྱི་ཡོད། ཆོས་ལུགས་གཞི་རྩར་བྱས་པའི་ཐོག་ངོས་ནས་རྒྱུ་དང་འབྲས་བུར་བསམ་མནོ་གཏོང་བ་དང་ཕྱོགས་མཚུངས་ཡེ་ཤུ་རྣམས་ཀྱིས་དཀོན་མཆོག་ ༼འཇིག་རྟེན་བཀོད་པ་པོ།༽ གཞི་རྩར་བྱེད་ཀྱི་ཡོད་པ་རེད། ངོས་ནས་ཁོང་ཚོར་རྟེན་འབྲེལ་དང་སྟོང་པ་ཉིད་ལ་སོགས་པའི་ཆོས་བཤད་ནི་ང་ཚོའི་ལས་འགན་ཡིན་གྱི་ཁྱེད་རང་ཚོའི་མིན། ཁྱེད་རང་ཚོ་དེའི་ཐོག་སེམས་ཁྲལ་བྱེད་དགོས་མེད་ཅེས་ཟེར་གྱི་ཡོད། འོན་ཀྱང་ཆོས་བཤད་གཞན་སྟེ། བརྩེ་བ་དང་སྙིང་རྗེ་དང་འབྲེལ་བ་རྣམས་ནི་ང་ཚོ་ཚང་མས་ཐུན་མོང་ཐོག་བྱེད་པའི་ཆོས་ཡིན་པ་རེད། ཐུན་མོང་བའི་ཆོས་བཤད་དེ་དག་ནི་ཚང་མ་འཆམ་མཐུན་ཡོང་བ་རྨང་གཞིར་བྱས་པ་ཞིག་ཡིན་ནོ།། །།