བྷར་ཛིན་བཤད་མཛོད།

འབུམ་རམས་པ་ཨེ་ལེག་ཛན་ཌར་བྷར་ཛིན་གྱི་ནང་བསྟན་བཤད་མཛོད།

དྲ་ཤོག་དེའི་ནང་གི་ཡིག་ཐོག་ཅི་ཡོད་ལ་ཁ་ཕོད་པ། ཁ་ལོ་བ་གཙོ་བོར་མཆོངས། ཁ་ལོ་བ་གཙོ་བོར་རྒྱུགས།

དྲ་ཤོག་ངོ་གདོང་། > ནང་ཆོས་ལ་འཇུག་པ། > དགེ་བའི་བཤེས་གཉེན། > བཤེས་གཉེན་སྟེན་ཚུལ་གྱི་འབྲེལ་བའི་ནུས་པ་ལ་དཔྱོད་པའི་འཆར་གཞི།

བཤེས་གཉེན་སྟེན་ཚུལ་གྱི་འབྲེལ་བའི་ནུས་པ་ལ་དཔྱོད་པའི་འཆར་གཞི།

ཨེ་ལེག་ཛན་ཌར་ བྷར་ཛིན།
ཕྱི་ལོ་ ༢༠༠༡ ཟླ་བ་ ༥

ངོ་སྤྲོད།

ནང་པའི་སྲོལ་རྒྱུན་ཚང་མས་བཤེས་གཉེན་གལ་ཆེ་བའི་ཐོག་ལ་གཅིག་གྱུར་གྱིས་གཙིགས་སུ་འཛིན་གྱི་ཡོད། བཤེས་གཉེན་རྣམས་ཀྱིས།

  • གནས་ཚུལ་སྤྲོད་པ་ཙམ་མིནཔ།
  • དྲི་ལན་འདེབས་པ་ཙམ་མིནཔ།
  • སློབ་མའི་གོ་རྟོགས་བརྟག་པ་ཙམ་མིན་པ།
  • སློབ་མའི་བློ་གྲོས་དང་། མྱོང་ཚོར། སྒོམ་ཡར་རྒྱས་ཙམ་ལ་བརྟག་པ་ཙམ་མིན་པར།

བཤེས་གཉེན་རྣམས་ཀྱིས་ད་དུང་།

  • དབང་དང་སྡོམ་པ་ནོད་པ།
  • མིག་དཔེ་བཟང་པོ་སྟོན་པ།
  • སོ་སོའི་ཉམས་ལེན་ཐོག་ནས་གཞན་ལ་བློ་སྐྱེད་སྤེལ་བ།
  • སངས་རྒྱས་ཀྱི་སྲོལ་རྒྱུན་གྱི་ལུགས་དང་འབྲེལ་གཏུགས་བྱེད་ཐུབ་མཁན་ཞིག་དགོས།

བཤེས་གཉེན་དང་སློབ་མའི་རིམ་པ་སྣ་ཚོགས་ཤིག་ཡོད་པ་དང་། དེས་ན་ལམ་སྒོམ་པའི་སྐབས་འབྲེལ་བ་བྱེད་སྟངས་སྣ་ཚོགས་ཡོད།

རིག་གཞུང་གི་སྐབས་དོན།

དེང་དུས་ནུབ་ཕྱོགས་ཀྱི་གནས་སྟངས་ཁྲོད་བཤེས་གཉེན་ཞིག་གི་དྲུང་ནས་སློབ་སྦྱོང་བྱེད་སྟངས་དང་ཨེ་ཤི་ཡའི་ནང་སྲོལ་རྒྱུན་གྱི་སློབ་སྦྱོང་བྱེད་སྟངས་གཉིས་རྦད་དེ་ཐ་དད་ཡིན།

སྲོལ་རྒྱུན་དུ་ཨེ་ཤི་ཡའི་ནང་སློབ་ཕྲུག་མང་ཆེ་བ་ནི།

  • ཆོས་ལ་ཆོད་སེམས་བརྟན་པོ་ཡོད་པའི་བཙུན་པའམ་བཙུན་མ་ཡིན།
  • ནང་ཆོས་སློབ་གཉེར་དང་ཉམས་ལེན་བྱ་རྒྱུ་ལས་གཞན་པའི་བྱ་བ་གཞན་མེད།
  • ཕྲུ་གུ་ཆུང་ཆུང་སྐབས་ནས་ནང་ཆོས་སློབ་གཉེར་འགོ་བཙུགས་པ།
  • དེའི་འབྲས་བུར་ནར་སོན་སྐབས་རྩིས་དང་། སྤྱི་ཚོགས་རིག་པ། ཚན་རིག་སོགས་དེང་དུས་ཀྱི་ཤེས་ཡོན་ཏག་ཏག་མ་ཐོབ།
  • བུད་མེད་ཀྱི་གནས་བབས་དང་དབང་འཛིན་སྒྲིག་འཛུགས་ཀྱི་ལྟ་ཚུལ་དང་འབྲེལ་བའི་སྒོ་ནས་སྲོལ་རྒྱུན་ཨེ་ཤི་ཡའི་སྤྱི་ཚོགས་ཀྱི་རིན་ཐང་ཁས་ལེན་བྱེད། དེས་བུད་མེད་རྣམས་དམན་པ་དང་བླ་མས་སྐྱོང་བའི་གཞུང་རྒྱས་དཔྱད་དུ་བརྩི་གི་ཡོད།

དེང་དུས་ནུབ་ཕྱོགས་སུ་སློབ་ཕྲུག་མང་ཆེ་བ་ནི།

  • མི་སྐྱ་ཡིན་ཞིང་། རང་གི་འཚོ་ཐབས་ལས་རིགས་དང་སྒེར་གྱི་མི་ཚེར་བྲེལ་ཟིང་ངང་སྡོད་ཀྱི་ཡོད།
  • ནང་ཆོས་ཆེད་དུས་ཚོད་ཏོག་ཙམ་ལས་མེད།
  • ནར་སོན་ཏེ་ཤེས་ཡོན་ཅན་ཆགས་རྗེས་ནང་ཆོས་སློབ་གཉེར་འགོ་འཛུགས་པ།
  • ཕོ་མོ་འདྲ་མཉམ་དང་སྤྱི་ཚོགས་ཀྱི་ལམ་ལུགས་དང་མང་གཙོ་དགོས་འདུན་འདོན་གྱི་ཡོད།

དཔལ་འབྱོར་གྱི་ཆ་ནས། སྲོལ་རྒྱུན་དུ་ཨེ་ཤི་ཡའི་ནང་སྤྱི་ཚོགས་ཀྱི་ངོས་ནས་བཤེས་གཉེན་ལ་མཐུན་སྦྱོར་བྱེད་ཅིང་། ཐ་ན་སོ་སོའི་དགེ་ཕྲུག་མིན་པ་རྣམས་ཀྱིས་ཀྱང་འབུལ་བ་འབུལ་གྱི་ཡོད། དེང་དུས་ཀྱི་ནུབ་ཕྱོགས་སུ་བཤེས་གཉེན་དེ་དག་རང་ཉིད་ཀྱིས་རང་ལ་བལྟ་དགོས་ཀྱི་ཡོད། མང་པོ་ཞིག་གིས་དཔལ་འབྱོར་དང་། སྒྲིག་འཛུགས། འཛིན་སྐྱོང་བཅས་ཀྱི་འགན་སོ་སོས་འཁྱེར་ཏེ་ཆོས་ཚོགས་ཀྱི་འགན་འཁུར་བྱེད་དགོས།

རྐྱེན་དེ་དག་ཚང་མས་དགེ་རྒན་དགེ་ཕྲུག་གི་འབྲེལ་ལམ་ལ་ཤུགས་རྐྱེན་སྦྱིན་གྱི་ཡོད། དོན་གཉེར་ཅན་མང་པོ་ཞིག་ལ་ཁེ་ཕན་བྱུང་ནའང་། ད་དུང་གོ་ལོག་དང་། ནོར་འཁྲུལ། ཆོས་ཕྱོགས་ཀྱི་སྐྱོན་མང་པོ་ཞིག་ལྷག་གི་ཡོད།

ཉེན་ཁ་རྣམས།

བོད་པའི་སྲོལ་རྒྱུན་གྱི་གནད་དོན་ནང་བླ་མ་སྟེན་ཚུལ་ཐོག་གི་དཔེ་དེབ་འགའ་ཞིག་གིས་ཉེན་ཁ་རྣམས་ཇེ་སྡུག་ཏུ་བཏང་ཡོད། དེབ་དེ་རིགས་ཀློག་པ་པོ་རྣམས་ནི་སྡོམ་ལྡན་རབ་བྱུང་ཕོ་མོ་རྣམས་ཆགས་ཡོད་ཅིང་སྔགས་ཀྱི་དབང་ཆེད་གྲ་སྒྲིག་བྱེད་དགོས་མཁན་ཡིན། ཆོས་ཚོགས་ནང་ཆོས་བཤད་ནི་ནང་ཆོས་སྐོར་ཅི་ཡང་མི་ཤེས་མཁན་གྱི་ལས་དང་པོ་བ་ཚོར་དམིགས་ཀྱི་མེད།

ང་ཚོས་མཐའ་གཉིས་སྤོང་དགོས།

༡) བཤེས་གཉེན་ལྷ་རུ་བརྩིས་ཏེ། རྨོངས་པའི་སྒོ་ནས་བློ་གཏད་བཅོལ་ནས་མཐར་དམའ་འབེབས་བྱེད་པ།

༢) བཤེས་གཉེན་འདྲེར་བལྟས་ནས་བསྙོན་འཛུགས་ཀྱི་སྒོ་འབྱེད་པ་དང་རང་ལ་སེམས་ཤུགས་དང་ཕུགས་ཀྱི་ཁེ་ཕན་འཐོབ་པའི་སྒོ་རྒྱག་གི་ཡོད།

སྲོལ་རྒྱུན་མིན་པའི་དཔྱད་པའི་འཆར་གཞི།

Relating to a Spiritual Teacher: Building a Healthy Relationship (བཤེས་གཉེན་དང་སློབ་མའི་བར་གྱི་འབྲེལ་ལམ་ཐད་འབྲེལ་ལམ་བཟང་པོ) (Ithaca: Snow Lion, 2000) ཞིག་ཡོང་བའི་ཐབས་ལམ་གྱི་གནད་དོན་ཐོག་ངས་དཔྱད་པ་བྱས་པ་དང་བསམ་ཚུལ་འགའ་བཏོན་ཡོད།འདིར་གནད་དོན་དེར་བརྟག་དཔྱད་ཆེད་སྲོལ་རྒྱུན་མིན་པའི་འཆར་གཞི་འཕར་མ་ཞིག་ངོ་སྤྲོད་བྱེད་འདོད་བྱུང་། དེ་ཡང་ཧང་ག་རིའི་(Hungary) སེམས་ནད་སྨན་པ་ཌོག་ཌར་ཨི་ཝན་ བོ་ཛར་མན་ཡི་ ནེ་གྷི་(Dr. Ivan Boszermenyi-Nagy) ལགས་ཀྱིས་རྩོམ་ཡིག་ལས་བྱུང་སྟེ་རྒྱ་སྐྱེད་གནང་བ་ཞིག་རེད། ཁོང་ནི་ཁྱིམ་གྱི་གསོ་དཔྱད་དང་སྐབས་ཐོབ་ཀྱི་གསོ་དཔྱད་སྲོལ་གཏོད་བྱེད་པོ་ཞིག་རེད།

འབྲེལ་ལམ་ཞིག་གི་རྐྱེན་དྲུག །

ང་ཚོས་འབྲེལ་ལམ་དེ་རྐྱེན་དྲུག་གི་ཐོག་ནས་དགེ་རྒན་དང་སློབ་མ་གཉིས་ཀའི་ངོས་ནས་དཔྱད་པ་བྱེད་ཐུབ། གལ་སྲིད་འབྲེལ་ལམ་ཐད་དཀའ་ངལ་ཡོད་ན། དེས་དཀའ་ངལ་དེ་ག་པར་ཡོད་མེད་རྩད་གཅོད་བྱེད་པར་ཕན་ཐོགས་ཤིང་། དེ་ལ་བརྟེན་ནས་འབྲེལ་ལམ་སྐྱོན་སྙོམས་པོ་ཞིག་ཡོང་སླད་ཕྱོགས་སོ་སོས་སྙོམ་སྒྲིག་དང་བཅོས་སྒྲིག་བྱ་རྒྱུ་ཐབས་ཤེས་ཐུབ་ཀྱི་ཡོད།

རྐྱེན་དྲུག་ནི།

༡) ཕྱོགས་སོ་སོའི་ངོས་ནས་འབྲེལ་ལམ་གཏོད་ཕྱོགས་ཀྱི་དོན་དངོས།

༢) ཕྱོགས་སོ་སོའི་འབྲེལ་ལམ་གྱི་དམིགས་ཡུལ་དང་སེམས་ཁམས་ཀྱི་ཤུགས་རྐྱེན།

༣) ཕྱོགས་སོ་སོ་སྟོན་མཁན་གྱི་བྱེད་སྒོ་དང་གཞན་དེ་བྱེད་སྒོ་དེ་སྒྲུབ་མཁན་དང་། སོ་སོར་རེ་བ་ཇི་ཡོད་དང་ཚོར་བ་གང་ཡོད་མེད།

༤) ཕྱོགས་སོ་སོའི་འབྲེལ་ལམ་ཐད་ཀྱི་ཆོད་སེམས་དང་ཐེ་གཏོགས། དེ་བཞིན་སེམས་ཁམས་ཀྱི་ཤུགས་རྐྱེན།

༥) དེ་མིན་ཕྱོགས་སོ་སོའི་སེམས་ཁམས་ཀྱི་ཤུགས་རྐྱེན།

༦) འབྲེལ་ལམ་དེས་ལས་དོན་ཇི་ལྟར་སྒྲུབ་པ་དང་ཕྱོགས་སོ་སོར་འབྲས་བུ་གང་ཐོབ།

དང་པོ། ཕྱོགས་སོ་སོའི་ངོས་ནས་འབྲེལ་ལམ་གཏོད་ཕྱོགས་ཀྱི་དོན་དངོས།

ཕྱོགས་སོ་སོའི་དོན་དངོས་དང་འབྲེལ་ལམ་གྱི་ཤུགས་རྐྱེན་ནང་།

  • ཕོ་མོའི་དབྱེ་བ་དང་ལོ་ཚད།
  • ཨེ་ཤི་ཡའམ་ནུབ་ཕྱོགས་སོ་སོའི་རིག་གཞུང་གི་འབྱུང་ཁུངས།
  • ཆེད་ལས་སམ་སློབ་ཁྲིད་ཀྱི་འབྲེལ་གཏུགས་ཆེད་ཐུན་མོང་གི་སྐད་ཡིག་གམ་སྐད་སྒྱུར་དགོས་པ།
  • སྐྱ་སེར་གང་ཡིན། ནང་ཆོས་ཀྱི་ཤེས་ཚད་དང་འཇིག་རྟེན་གྱི་ཤེས་ཡོན།
  • མྱོང་ཚོར་དང་ཚུལ་ཁྲིམས་ཀྱི་ཆ་ནས་བཤེས་གཉེན་དང་སློབ་མའི་ཁྱད་ཆོས།
  • གཞན་གྱི་ཆེད་རང་ལ་དུས་ཚོད་མང་ཉུང་ཡོད་པ།
  • སློབ་ཕྲུག་གཞན་གྱི་ཁ་གྲངས།
  • དགེ་རྒན་དེ་གཏན་སྡོད་དམ་འགྲོན་འབོད་ཡིན་མིན།

དེ་ལྟ་བུའི་གནས་སྟངས་ཀྱི་འཁོར་ཡུག་ནི།

  • གྲོང་ཁྱེར་གྱི་དབུས་སམ་གྲོང་ལས་གཞན་པའི་ནུབ་ཕྱོགས་པའི་ཆོས་ཚོགས།
  • ཆོས་ཚོགས་རང་དབང་ཅན་ནམ་མ་ལག་གཞན་གྱི་ཡན་ལག་ཡིན་པ།
  • ཨེ་ཤི་ཡའམ་ནུབ་ཕྱོགས་ཀྱི་དགོན་སྡེ་བཅས་ནང་ཡིན་སྲིད།

གཉིས་པ། ཕྱོགས་སོ་སོའི་འབྲེལ་ལམ་གྱི་དམིགས་ཡུལ་དང་སེམས་ཁམས་ཀྱི་ཤུགས་རྐྱེན།

འབྲེལ་ལམ་གྱི་ངོ་བོ་གང་ལྟར་ཡང་ཕྱོགས་གཉིས་ཀར། འབྲེལ་ལམ་གྱི་དམིགས་ཡུལ་དེ་ཧ་ལམ་འདྲེས་ནས་ཡོད། དགེ་རྒན་དགེ་ཕྲུག་གི་འབྲེལ་ལམ་ནི་དམིགས་བསལ་གང་ཡང་མིན།

སློབ་མ་ཞིག་གིས་དགེ་རྒན་དྲུང་དུ།

  • གནས་ཚུལ་ཤེས་རྟོགས་དང་དོན་དངོས་སྦྱོང་རྒྱུ་དང་།
  • སྒོམ་གྱི་ཆེད་དུ་སྦྱོང་བ།
  • སོ་སོའི་རང་གཤིས་གོང་ཐོར་གཏོང་བའི་འབད་བརྩོན་བྱེད་པ།
  • ཚེ་འདི་སྣང་གི་དངོས་པོ་ཡར་རྒྱས་གཏོང་བ།
  • སྐྱེ་བ་ཕྱི་མ་ཡར་རྒྱས་གཏོང་བ།
  • འཁོར་བ་ལས་ཐར་བའི་ཐར་པ་དོན་གཉེར་བྱེད་པ།
  • སེམས་ཅན་གཞན་ལའང་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་གཅིག་མཚུངས་འཐོབ་ཕྱིར་རོགས་རམ་བྱེད་པར་རང་གི་བྱང་ཆུབ་མངོན་དུ་བྱེད་པ།
  • ལུས་སེམས་ལྷོད་པོ་ཡོང་ཐབས་བྱེད་པ།
  • བློ་སེམས་མཐུན་པའི་སློབ་མར་འབྲེལ་གཏུགས་བྱེད་པ།
  • ཤེས་བྱ་གསར་པ་སྦྱོང་བ།
  • ལུས་སེམས་ཀྱི་དཀའ་ངལ་སེལ་ཆེད་དམིགས་བསལ་ནུས་པ་འཚོལ་བ།
  • སྨན་རྫས་སྤྱད་དེ་ར་བཟི་བ་ལྟར་སེམས་མོག་མོག་པོར་བྱས་ནས་དཀའ་ངལ་གཏིང་བརྗེད་དུ་འགྲོ་བ་ལྟར། ནང་པའི་ཚོགས་སུ་བསྐྱོད་དེ་ལྟའི་ཚོར་སྣང་ཐོབ་མཁན་རྣམས་ཀྱིས་ཡིད་དབང་འགུགས་ནུས་ཀྱི་ཁྱད་ཆོས་ལྡན་པའི་དགེ་རྒན་གྱི་དྲུང་ནས་ཚོར་སྣང་དེ་འདྲ་འཐོབ་ཐབས་བྱེད་པ་སོགས་ཡོད། (to get a "Dharma-fix" from an entertaining charismatic teacher, like a "Dharma-junkie.")

དེར་མ་ཟད་སློབ་མས་དགེ་རྒན་གྱི་དྲུང་དུ་བཅར་ནས།

  • ནང་པའི་ལམ་སྒོམ་ཆེད་ལམ་སྟོན་དང་སེམས་ཤུགས་རྙེད་ཐབས་འཚོལ་བ།
  • གསོ་ཐབས།
  • ཆོས་ཕྱོགས་ཀྱི་ལམ་སྟོན།
  • ཕ་མའི་ཚབ།
  • བཀའ་འཁྲོལ།
  • མི་ཚེའི་ནང་བླང་དོར་མཛུབ་སྟོན་བྱེད་པ་བཅས་ཀྱི་ཆེད་དུ་ཡོང་མཁན་ཡོད།

དགེ་བའི་བཤེས་གཉེན་གྱི་ངོས་ནས།

  • དོན་དངོས་གསལ་སྟོན་ཐུཔ་པ།
  • ལུང་མནོས་ཏེ་ནང་བསྟན་སྲུང་སྐྱོབ་བྱེད་རྒྱུ།
  • སློབ་མའི་གཤིས་སྤྱོད་གོང་འཕེལ་གཏོང་རྒྱུ།
  • སློབ་མའི་སྐྱེ་བ་ཕྱི་མར་ཕན་འདོགས་ཆེད་བག་ཆགས་འཇོག་པ།
  • མངོན་མཐོ་དང་། ཐར་པ། ཐམས་ཅད་མཁྱེན་པ་འཐོབ་སླད་སློབ་མར་རོགས་མགོན་བྱེད་རྒྱུ།
  • ནང་པའི་ཆོས་ཚོགས་འཛུགས་པའམ་ནང་ཆོས་ཀྱི་བསྟི་གནས་གསར་འཛུགས་བྱ་རྒྱུ།
  • སོ་སོའི་རྒྱུད་པ་འཛིན་མཁན་ཇེ་མང་དུ་གཏོང་རྒྱུ།
  • རྒྱ་གར་ནང་གི་དགོན་སྡེར་རོགས་རམ་དང་བོད་ནང་བསྐྱར་བཞེངས་སླད་དངུལ་འཚོལ་སྒྲུབ་བྱ་རྒྱུ།
  • སྐྱབས་བཅོལ་བ་ཞིག་སོང་ཙང་གཞི་རྟེན་བརྟན་པོ་བཟོ་རྒྱུ།
  • འཚོ་ཐབས་ཆེད་འབད་པའམ་ཕྱུག་པོ་ཆགས་རྒྱུ།
  • གཞན་སྟངས་འཛིན་བྱས་ཏེ་དབང་འཐོབ་རྒྱུ།
  • འཁྲིག་སྤྱོད་བྱ་ཡུལ་འཚོལ་བ་བཅས་ཀྱི་སྒོ་ནས་བྱ་བ་སྒྲུབ་སྲིད།

ཕྱོགས་གཉིས་ཀར་ཤུགས་རྐྱེན་སྦྱིན་མཁན་སེམས་ཁམས་ཀྱི་རྐྱེན་ངན་ཁྲོད།

  • ཁེར་རྐྱང་།
  • ཉོབ་པ།
  • སྡུག་བསྔལ།
  • བརྟན་ཆ་མེད་པ།
  • དཔེ་གསར་འདོད་པ།
  • སྡེ་ཚན་གྱི་གནོན་ཤུགས་བཅས་གཏོགས་ཡོད།

གསུམ་པ། ཕྱོགས་སོ་སོའི་བྱེད་སྒོ་དང་གཞན་བྱེད་སྒོ་དེ་སྒྲུབ་མཁན་དང་། དེས་ན་སོ་སོར་རེ་བ་ཇི་ཡོད་དང་ཚོར་བ་གང་ཡོད་མེད།

དགེ་བའི་བཤེས་གཉེན་ཞིག་གིས་རང་ཉིད་ལ་ལྟ་ཚུལ་དང་སློབ་མ་ཞིག་གིས་དགེ་རྒན་ལ་ལྟ་ཚུལ་ནི།

  • ནང་ཆོས་ཀྱི་གནས་ཚུལ་སྤྲོད་མཁན་གྱི་ནང་པའི་སློབ་དཔོན་ཞིག་དང་།
  • ཆོས་ཀྱི་མི་ཚེ་སྐྱེལ་སྟངས་སྟོན་མཁན་གྱི་ནང་པའི་སློབ་ཁྲིད་པ་ཞིག །
  • སྒོམ་སམ་ཆོ་གའི་སྦྱོང་བརྡར་གཏོང་མཁན།
  • སྡོམ་པ་ནོད་མཁན་གྱི་ཆོས་ཕྱོགས་ཀྱི་རོགས་མགོན།
  • སྔགས་ཀྱི་དབང་ལུང་ནོད་མཁན་གྱི་སྔགས་ཀྱི་སློབ་དཔོན་ཞིག་ཏུ་བལྟ་སྲིད།

སློབ་མས་རང་གིས་རང་ལ་ལྟ་ཚུལ་ལམ་དགེ་རྒན་གྱིས་སློབ་མར་ལྟ་ཚུལ་ནི།

  • གནས་ཚུལ་སྤྲོད་སའི་ནང་པའི་སློབ་མ་ཞིག་དང་།
  • ཆོས་ཕྱོགས་ཀྱི་མི་ཚེ་སྐྱེལ་སྟངས་སྦྱོང་མཁན་གྱི་ནང་པའི་སློབ་ཕྲུག
  • སྒོམ་མམ་ཆོ་ག་སྦྱོང་བརྡར་སྤྲོད་ཡུལ།
  • དགེ་རྒན་གྱི་དྲུང་ནས་སྡོམ་པ་བླངས་པ་ཙམ་ཞིག
  • སྒེར་གྱི་ཐོག་ནས་དགེ་རྒན་གྱིས་ལམ་སྟོན་བྱས་པ་བཅས་སུ་བལྟ་སྲིད།

འབྲེལ་བ་དེ་ལྟར་རྒྱུ་མཚན་དུ་བྱས་ཏེ་དགེ་རྒན་དང་སློབ་མ་སོ་སོར་བསམ་ཚུལ་ཇི་ལྟར་འབྱུང་མིན་ནི།

སློབ་མས་རང་ཉིད།

  • ལྟ་སྐྱོང་འོག་ཡོད་པ།
  • གཞན་ཞིག་ལ་བདག་པ།
  • ཆ་ཚང་བ།
  • འདོད་པ་ཁེངས་པ།
  • གཡོག་པོ་ཞིག
  • ཆོས་བརྒྱུད་ཅིག་གི་ཁོངས་མི་བཅས་ཡིན་པ་ཚོར་སྲིད།

དགེ་བའི་བཤེས་གཉེན་ཞིག་གིས་རང་ཉིད།

  • དགེ་རྒན་ཞིག་ཡིན་པ།
  • ཉམས་ལེན་པ་གཉེམ་ཆུང་ཞིག
  • སྐྱབས་མགོན་ཞིག
  • སློབ་དཔོན་ཞིག
  • སེམས་ཁམས་རིག་པ་བ་ཞིག
  • ཆོས་ཚོགས་ཀྱི་འཛིན་སྐྱོང་བྱེད་པོ་ཞིག
  • དགོན་སྡེའི་དཔལ་འབྱོར་གྱི་རོགས་སྐྱོང་བྱེད་པོ་ཞིག་བཅས་ཡིན་པར་བསམ་སྲིད།

བཞི་པ། ཕྱོགས་སོ་སོའི་འབྲེལ་ལམ་ཐད་ཀྱི་ཆོད་སེམས་དང་ཐེ་གཏོགས། དེ་བཞིན་སེམས་ཁམས་ཀྱི་ཤུགས་རྐྱེན།

སློབ་མས།

  • གཏན་འབེབས་བྱས་པའི་སློབ་ཡོན་འབུལ་བ། ཞལ་འདེབས་འབུལ་བ། ཡང་ན་སློབ་ཡོན་དང་ཞལ་འདེབས་གང་ཡང་མ་ཕུལ་བར་སློབ་གཉེར་བྱེད་པ།
  • ནང་ཆོས་སམ་དགེ་རྒན་ཡང་ན་རྒྱུད་པ་བཅས་ནང་རང་དགར་རམ་ཆོད་སེམས་བརྟན་པོས་གཏོགས་པ།
  • དགེ་རྒན་གྱི་དྲུང་ནས་སྡོམ་པ་ལེན་འདོད་པའམ་ཡང་ན་བླངས་ཟིན་པ།
  • དགེ་རྒན་ལ་རོགས་རམ་སླད་འགན་འཁུར་བ།
  • དྲིན་འོག་ཏུ་གནས་པ་ཚོར་བ།
  • འགན་འཁྲི་ཚོར་བ།
  • བློ་ཐག་ཉེ་པོ་ཚོར་དགོས་པ་ཞིང་། འདིའི་ཐད་ཚོགས་པའམ་ཤོག་ཁག་གི་གནོན་ཤུགས་ཀྱི་དོན་གནས་ཆེན་པོ་ཡིན།
  • ཅི་སྟེ་རང་གིས་ལས་ངན་པ་ཞིག་བྱས་ན་དམྱལ་བར་འགྲོ་དགོས་ཀྱི་རེད་བསམ་པ་བཅས་ཚོར་གྱི་ཡོད།

དགེ་རྒན་གྱིས།

  • བཟང་སྤྱོད་ཀྱི་ཐོག་ནས་སློབ་མ་རྣམས་ལ་ལམ་སྟོན་བྱ་རྒྱུར་འགན་ལེན་པ།
  • སློབ་མའི་མི་ཚེ་སྐྱོང་འདོད་ཅིང་བླང་དོར་གྱི་གནད་སྟོན་པ།
  • རང་གི་དགེ་རྒན་གྱི་བཀའ་བཞིན་སོ་སོའི་ལས་འགན་ཚུལ་བཞིན་དུ་བྱེད་པ།
  • རང་ཉིད་ཀྱི་ལས་འགན་ཙམ་ཞིག་སྒྲུབ་ཀྱི་ཡོད་པར་ཚོར་དགོས་བཅས་བསམ་སྲིད།

དེའི་ཐད་སེམས་ཁམས་ཀྱི་རྐྱེན་མི་མཐུན་པའི་དབང་གི་ཤུགས་རྐྱེན་ནི།

  • དམ་བཅའ་འཇོག་པར་བཞེད་སྣང་།
  • ལོག་སྤྱོད་ཀྱི་རྒྱབ་ལྗོངས་ཀྱིས་རྐྱེན་པས་དབང་འཛིན་ལ་བཞེད་སྣང་།
  • བེད་སྤྱོད་ཅན་ནམ་དགའ་ས་ཞིག་བྱེད་དགོས་པ།
  • དོ་སྣང་དགོས་པ།
  • གཞན་དབང་བསྒྱུར་བྱ་འདོད།
  • རང་ཉིད་ར་སྤྲོད་དགོས་པ་བཅས་ཡིན།

ལྔ་པ། དེ་མིན་ཕྱོགས་སོ་སོའི་སེམས་ཁམས་ཀྱི་ཤུགས་རྐྱེན།

དེའི་ནང་ཕྱོགས་སོ་སོ།

  • ཁ་ཕྱིར་ཕྱོགས་པའམ་ནང་དུ་ཕྱོགས་པ།
  • ཤེས་ཡོན་ཅན། མྱོང་ཚོར་ཅན། ཡང་ན་དད་ལྡན་པ།
  • སེམས་བཟང་པོའམ་ངན་པ།
  • ཞི་དུལ་ལམ་ཁོང་ཁྲོ་ཅན།
  • དུས་ཚོད་ལ་རྔམ་པ་དང་དོ་སྣང་ཅན།
  • སློབ་མ་དང་དགེ་རྒན་གཞན་ཚོར་ཕྲག་དོག་བྱེད་པ།
  • རང་མཐོང་དམའ་བའམ་ང་རྒྱལ་གྱིས་ཁེངས་པ་སོགས་ཚུད་ཡོད།

དྲུག་པ། འབྲེལ་ལམ་དེས་ལས་དོན་ཇི་ལྟར་སྒྲུབ་པ་དང་ཕྱོགས་སོ་སོར་འབྲས་བུ་གང་ཐོབ།

སློབ་མ་དང་དགེ་རྒན་ཟུང་དུ།

  • ཡག་པོའམ་སྡུག་ཅག་ཆགས་སམ།
  • ཕྱོགས་ཕན་ཚུན་གང་ཐུབ་ཀྱིས་རོགས་རམ་བྱེད་དམ་འགོག་རྐྱེན་བྱེད།
  • རེ་བ་ཐ་དད་པའི་དབང་གིས་གཅིག་གིས་གཅིག་གི་དུས་ཚོད་འཕྲོ་བརླག་གཏོང་བ།
  • དགེ་རྒན་གྱིས་རང་ཉིད་མཐོ་བར་བསམས་ནས་སློབ་མར་བཤུ་གཞོག་གཏོང་བ་དང་། སྟངས་འཛིན་བྱེད་ཅིང་། ཕྱོགས་གཅིག་གིས་གང་བསམ་པ་དེར་གཞན་གྱིས་སྣང་མེད་དུ་གཏོང་བ།
  • ཕྱོགས་སོ་སོའམ་གཉིས་ཀས་བློ་སྟོབས་སྤེལ་བའམ་ཆག་པ་སོགས་གཏོགས་ཡོད།

མཇུག་སྡོམ།

ང་ཚོས་ཆ་རྐྱེན་དྲུག་པོ་དེ་ད་གི་ཐོག་ནས་དགེ་རྒན་དང་སློབ་མའི་དབར་གྱི་འབྲེལ་ལམ་དང་རྐྱེན་སོ་སོའི་ནང་གང་གཏོགས་མིན་ཐད་བརྟག་དཔྱད་བྱེད་དགོས། གལ་སྲིད་རྐྱེན་རྣམས་ཕན་ཚུན་མཐུན་གྱི་མེད་ན། ཕྱོགས་གཉིས་ཀས་མཐུན་ཐབས་དང་སྙོམ་སྒྲིག་བྱེད་དགོས་པ་དང་ཡང་རན་པོ་བཟོ་དགོས་པ་ཡིན། རིག་གཞུང་གི་ཁྱད་པར་རམ་མྱོང་ཚོར་གྱི་རྐྱེན་ལ་བརྟེན་ནས། ཕྱོགས་གཅིག་གིས་དཀའ་ངལ་སེལ་རྒྱུར་ཐབས་ལམ་དེར་སྣང་ཆུང་བཏང་ཚེ། ཕྱོགས་གཞན་དེས་ཡང་ན་མཐུན་ཐབས་བྱེད་དགོས་པའམ་དེ་ཙམ་ཉེ་པོ་ཉར་རྒྱུ་མེད།།