བྷར་ཛིན་བཤད་མཛོད།

འབུམ་རམས་པ་ཨེ་ལེག་ཛན་ཌར་བྷར་ཛིན་གྱི་ནང་བསྟན་བཤད་མཛོད།

དྲ་ཤོག་དེའི་ནང་གི་ཡིག་ཐོག་ཅི་ཡོད་ལ་ཁ་ཕོད་པ། ཁ་ལོ་བ་གཙོ་བོར་མཆོངས། ཁ་ལོ་བ་གཙོ་བོར་རྒྱུགས།

དྲ་ཤོག་ངོ་གདོང་། > རོགས་རམ། > ལས་དོན་ལྷག་འཕྲོས།

ལས་དོན་ལྷག་འཕྲོས།

ད་ལྟའི་ཆར་དབྱིན་སྐད་ནང་ཡོད་པའི་རྩོམ་རིག་ཁག་ ༩༡༥ ལས། ཕལ་ཆེར་བརྒྱ་ཆ་ ༤༧ དང་གྲངས་ཆུང་ ༡ ཙམ་ཇར་མན་སྐད་ཡིག་ནང་དང་། བརྒྱ་ཆ་ ༤༠ དང་གྲངས་ཆུང་ ༩ ཨུ་རུ་སུའི་སྐད་ཡིག་ནང་། བརྒྱ་ཆ་ ༢༧ ཙམ་སི་པན་སྐད་ཡིག་ (Spanish) ནང་། བརྒྱ་ཆ་ ༡༩ དང་གྲངས་ཆུང་ ༡ རྒྱ་སྐད་ནང་། བརྒྱ་ཆ་ ༡༨ པོ་ཅུ་གྷལ་སྐད་ཡིག་ (Portuguese) ནང་། བརྒྱ་ཆ་ ༡༧ དང་གྲངས་ཆུང་ ༥ ཨ་རབ་སྐད་ཡིག་ (Arabic) ནང་། བརྒྱ་ཆ་ ༡༣ དང་གྲངས་ཆུང་ ༩ ཨུར་ཏུ་སྐད་ཡིག་ (Urdu) ནང་། བརྒྱ་ཆ་ ༡༣ དང་གྲངས་ཆུང་ ༢ པོའོ་ལན་ཌི་སྐད་ཡིག་ (Polish) ནང་། བརྒྱ་ཆ་ ༡༡ དང་གྲངས་ཆུང་ ༥ ཧྥ་རན་སི་སྐད་ཡིག་ (French) ནང་། བརྒྱ་ཆ་ ༡༠ དང་གྲངས་ཆུང་ ༦ ཨིན་ཌོ་ནི་ཤི་ཡ་སྐད་ཡིག་ (Indonesian) ནང་། བརྒྱ་ཆ་ ༦ དང་གྲངས་ཆུང་ ༩ ཨི་ཊ་ལི་སྐད་ཡིག་ (Italian) བརྒྱ་ཆ་ ༦ དང་གྲངས་ཆུང་ ༨ ཧིན་དྷི་ (Hindi) ནང་། བརྒྱ་ཆ་ ༦ དང་གྲངས་ཆུང་ ༦ བོད་སྐད་ནང་། བརྒྱ་ཆ་ ༦ ཏུར་ཀི་སྐད་ཡིག་ (Turkish) ནང་། བརྒྱ་ཆ་ ༥ དང་གྲངས་ཆུང་ ༡ སོག་སྐད་ནང་། བརྒྱ་ཆ་ ༤ དང་གྲངས་ཆུང་ ༨ ཉི་ཧོང་སྐད་ནང་། བརྒྱ་ཆ་ ༤ དང་གྲངས་ཆུང་ ༧ ཝི་ཏི་ནམ་སྐད་ཡིག་ (Vietnamese) བཅས་ཀྱི་ནང་བསྒྱུར་ཟིན།

ད་ལྟ་ང་ཚོས་ཕྱོགས་སྒྲིག་མ་ཟིན་པའི་དབྱིན་སྐད་ནང་ཡོད་སྒྲ་ཕབ་ཡིག་སྣོད་ ༨༠༠ ལྷག་གི་དྲ་ཐོག་ཏུ་སྟབས་བདེ་བཟོ་བའི་ལས་གཞི་གཉེར་བཞིན་པ་ཡིན། ང་ཚོས་གཞན་ཡང་དེ་དག་ཕྱོགས་སྒྲིག་བྱེད་འགོ་བཙུགས་ཟིན་པ་དང་། དེ་རྗེས་དྲ་རྒྱའི་ཐོག་སྐད་ཡིག་གཞན་ནང་ཡིག་སྒྱུར་བྱེད་དགོས་ངེས་ཡིན།

གཞི་རྒྱ་ཆེ་བའི་ལས་དོན་དེ་ལེགས་གྲུབ་ཡོང་བར་གཤམ་གསལ་ལས་རིགས་ཁག་ལ་རོགས་སྐྱོར་བྱེད་མི་མང་ཙམ་དགོས་ཀྱི་འདུག

  • དབྱིན་སྐད་ནས་སྐད་ཡིག་གཞན་བཅོ་ལྔའི་ནང་ཡིག་སྒྱུར་གྱི་རྒྱུ་ཆ། ལས་དོན་དེ་ནི་འགོ་བཙུགས་ཟིན། (གོང་དུ་གཟིགས།) དེ་མིན་སྐད་ཡིག་འཕར་མ་ཡོང་སྲིད།
  • དབྱིན་སྐད་ནས་སྐད་ཡིག་གཞན་ནང་ཡིག་སྒྱུར་ཞུས་པ་ཞུ་སྒྲིག་ལས་གཞི།
  • བོད་ཡིག་དང་དབྱིན་ཡིག་གི་ཆེད་སྤྱོད་མིང་ཚིག་གི་གོ་དོན་དང་བཅས་བརྡ་ཆད་ཕྱོགས་སྒྲིག་དང་སྐད་ཡིག་གཞན་ནང་དེ་དག་ཡིག་སྒྱུར་ལས་གཞི།
  • དྲ་ལྗོངས་ཀྱི་སྐད་ཡིག་སོ་སོའི་ཚན་པ་རྣམས་ཀྱི་སྒྲིག་སྟངས་དང་། བསྡུ་འཇུག ཉར་ཚགས་བཅས་ཀྱི་ལས་གཞི།
  • དབྱིན་སྐད་ནང་གི་གསུང་བཤད་ཁག་MP3ནང་སྒྲ་ཡིག་འབེབ་ལས།
  • གསུང་བཤད་སྒྲ་འཇུག་ཞུས་པའིMP3་པར་ཕྱོགས་སྒྲིག་ཅུང་ཟད་བྱེད་པ་དང་སྐད་ཡིག་གཉིས་ལྡན་སྐབས་བསྒྱུར་ཟིན་པའི་དབྱིན་སྐད་དམ་བོད་སྐད་ཀྱི་མ་ཕྱི་སོ་སོར་བཀྲལ་རྒྱུའི་ལས་གཞི།

འགོ་འཛུགས་ཞུས་པའི་ལས་དོན་ཆུང་ཙག་ཅིག་ནང་།

  • དགེ་བཤེས་ངག་དབང་དར་རྒྱས་ཀྱིས་འཆད་ཁྲིད་གནང་བའི་ལོ་གཅིག་རིང་གི་སློབ་གཞིའི་ལག་བྲིས་ཟིན་ཐོ་དང་དགེ་བཤེས་བསོད་ནམས་རིན་ཆེན་གྱིས་སློབ་ཁྲིད་གནང་བའི་དགེ་བཤེས་ཀྱི་མཚན་གནས་ཆེད་སྦྱོང་དགོས་པའི་གཞུང་ཆེན་ཁག་གི་ཟིན་བྲིས།
  • དབུས་ཨེ་ཤི་ཡ་དང་ནང་པའི་ལོ་རྒྱུས་ཐོག་ཧ་ལམ་རྩོམ་བྲིས་སྟོང་ཕྲག་མང་པོ་བཀླགས་པའི་ཟིན་བྲིས།

ནང་པའི་སྲོལ་རྒྱུན་ཁྲོད་ནང་ཆོས་འདི་བཞིན་རིན་མེད་ཐོག་ཀུན་ལ་ལྟ་ཀློག་བདེ་པོ་བཟོ་རྒྱུའི་ལས་དོན་ལ་ང་ཚོས་འཇུག་གི་ཡོད།

ཐུགས་རྗེ་གཟིགས་བྷར་ཛིན་བཤད་མཛོད་འདི་རིན་མེད་ཐོག་སྐྱེ་བོ་ཀུན་གྱིས་ཐོས་བསམ་ལོངས་སྤྱོད་བྱེད་ཐུབ་པར་མཐུན་འགྱུར་གནང་རོགས་གནང་། ལས་གཞི་ལེགས་གྲུབ་ཐུབ་པར་ལས་མི་མང་ཙམ་དང་མ་དངུལ་འཕར་མ་དགོས་ཀྱི་འདུག ཁྱེད་རང་གི་ངོས་ནས་ནུས་ཤུགས་སམ་ཞལ་འདེབས་གང་གནང་ཀྱང་ང་ཚོས་དེ་ལ་དགའ་བསུ་ཞུ་རྒྱུ་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དགོངས་བཞེས་གནང་བར་མཛོད།། །།

དཔལ་འབྱོར།   ལས་དོན།

 

ཞིབ་ཕྲའི་གནས་ཚུལ་ཐད་ཁ་བྱང་འདིའི་ཐོག་འབྲེལ་བ་གནང་རོགས། info@berzinarchives.com


བྷར་ཛིན་བཤད་མཛོད་ལ་ཐུགས་སྣང་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ།