སེར་ཀོང་མཚན་ཞབས་རིན་པོ་ཆེའི་གསུང་འཕྲིན།

གསུང་འཕྲིན

ཕྱི་ལོ ༢༠༠༨ ཟླ་ ༡༡ ཚེས་ ༢༢ ཉིན།

ཨེ་ལེག་ཛན་ཌར་ བྷར་ཛིན་ལགས་ནི་སེར་ཀོང་མཚན་ཞབས་རིན་པོ་ཆེ་སྐུ་གོང་མ་དང་འབྲེལ་བ་དམ་ཟབ་ཡོད་པའི་ཁོང་གི་སློབ་མ་དང་གསུང་སྒྱུར་བ་ཞིག་ཡིན་པ་དང་། སྐྱེ་བ་འདི་ལའང་རྒྱུན་མ་ཆད་པར་ངེད་གཉིས་དབར་ནང་ཆོས་ཀྱི་ཐོག་ནས་འབྲེལ་ལམ་དམ་ཟབ་མུ་མཐུད་དེ་གནས་ཡོད། བྷར་ཛིན་བཤད་མཛོད་ནང་ཁོ་རང་གིས་ཡིག་སྒྱུར་ཞུས་པའི་སེར་ཀོང་རིན་པོ་ཆེ་སྐུ་གོང་མའི་གསུང་ཆོས་དང་སློབ་ཁྲིད་ཁག་མང་པོ་ཞིག་བཞུགས་ཡོད་པ་མ་ཟད་སྐུ་གོང་མའི་དྲུང་ནས་ཐོས་བསམ་སློབ་གཉེར་གནང་བ་གཞི་ལ་བཞག་སྟེ། ཨེ་ལེག་སེ་སྐུ་ཉིད་ནས་འཆད་ཁྲིད་གནང་བའི་རྩོམ་ཡིག་མང་པོ་ཞིག་ཀྱང་ཡོད། ཆོས་ལུགས་ཀྱི་ཕྱོགས་རིས་སོགས་རྩ་བ་ནས་མེད་པའི་སྐུ་གོང་མའི་མཛད་འཕྲིན་ཁག་ཨེ་ལེག་སེ་ལགས་ཀྱིས་མུ་མཐུད་སྐད་ཡིག་འདྲ་མིན་ནང་དྲ་ལྗོངས་ཐོག་ནས་ལྟ་ཀློག་བདེ་པོ་བཟོས་སྟབས་རྒྱ་ཆེའི་ཀློག་པ་པོ་རྣམས་ཀྱིས་གདེང་འཇོག་མཐོན་པོ་བྱེད་པར་ང་རང་ཧ་ཅང་དགའ་པོ་བྱུང་།

སླད་ཕྱིན་དྲ་ཚིགས་འདི་ནི་འབྱུང་འགྱུར་གྱི་མི་རབས་ཚོར་གནས་ཚུལ་ཁུངས་ལྡན་འཐོབ་སའི་འབྱུང་ཁུངས་ཤིག་དང་སེམས་ཤུགས་ཀྱི་འབྱུང་རྩ་ཞིག་ཏུ་གྱུར་སྟེ་གཞན་ཕན་གྱི་ལས་དོན་འདི་འཕེལ་རྒྱས་ཡོང་བ་ཤོག་ཅེས་ངས་སེམས་གཏིང་ནས་སྨོན་ལམ་འདེབས་རྒྱུ་ཡིན། རྣམ་དཀར་གྱི་ལས་འདི་ལ་བརྟེན་ནས་ཐོབ་པའི་དགེ་བ་རྣམས་མྱུར་དུ་སངས་རྒྱས་འཐོབ་པའི་རྒྱུར་འགྱུར་བའི་སྨོན་འདུན་ཞུ།། །།

མཚན་རྟགས།

སེར་ཀོང་སྤྲུལ་སྐུའི་བཀའ་སློབ་འཁོད་པའི་ཡིག་ཆ་ངོ་མ།
སེར་ཀོང་སྤྲུལ་སྐུའི་བཀའ་སློབ་འཁོད་པའི་ཡིག་ཆ་ངོ་མ།

Top