བྷར་ཛིན་བཤད་མཛོད།

འབུམ་རམས་པ་ཨེ་ལེག་ཛན་ཌར་བྷར་ཛིན་གྱི་ནང་བསྟན་བཤད་མཛོད།

དྲ་ཤོག་དེའི་ནང་གི་ཡིག་ཐོག་ཅི་ཡོད་ལ་ཁ་ཕོད་པ། ཁ་ལོ་བ་གཙོ་བོར་མཆོངས། ཁ་ལོ་བ་གཙོ་བོར་རྒྱུགས།

དྲ་ཤོག་ངོ་གདོང་། > ང་ཚོའི་སྐོར། > གླིང་རིན་པོ་ཆེའི་གསུང་འཕྲིན།

གླིང་རིན་པོ་ཆེའི་གསུང་འཕྲིན།

གསུང་འཕྲིན།

དྲ་རྒྱའི་ཐོག་ནས་གནས་ཚུལ་རྣམས་སྟབས་བདེ་རུ་དང་རྒྱ་ཁྱབ་ཏུ་ཕྱིན་པའི་ཉེར་ལེན་ལ་བརྟེན་ནས་ད་ཆ་ནང་ཆོས་དང་དེ་མིན་བོད་ཀྱི་རིག་གཞུང་ལ་དོ་སྣང་ཡོད་མཁན་ཉིན་རེ་ལས་མ་བསྡད་པར་ཇེ་མང་དུ་འགྲོ་བ་དང་། དྲ་རྒྱ་ནི་དེ་དག་གི་བརྒྱུད་ལམ་དང་པོ་དེ་ཆགས་ཡོད། ནང་ཆོས་དང་བོད་ཀྱི་རིག་གཞུང་ལ་རྒྱུས་མངའ་གཏིང་ཟབ་ལོན་འདོད་ཡོད་མཁན་རྣམས་ཀྱིས་བླ་མ་ཚད་ལྡན་བསྟེན་པ་དང་གོ་སྐབས་བྱུང་ཚེ་བླ་མའི་དྲུང་ནས་ཐོས་བསམ་སློབ་གཉེར་བྱེད་ཀྱི་ཡོད། མི་དེ་རིགས་ལ་དྲ་རྒྱ་ནི་ཁོང་ཚོའི་ཉིན་རེའི་སློབ་གཉེར་གྱི་ཁ་སྣོན་ཚུལ་དུ་གནས་ཚུལ་ཐོན་ཁུངས་གལ་ཆེན་ཞིག་ཏུ་གྱུར། སྐལ་བ་དང་མི་ལྡན་པའི་མི་འགའ་ཞིག་ལ་རྒྱུ་མཚན་སྣ་ཚོགས་ཐོག་ནས་ཚད་ལྡན་གྱི་བཤེས་གཉེན་རྙེད་ཐུབ་ཀྱི་མེད། གལ་ཏེ་ཁོང་ཚོར་བླ་མ་ཞིག་རྙེད་ཀྱང་། དཔལ་འབྱོར་རམ་ཚོགས་པ་སྒེར་གྱི་རྒྱུ་མཚན་འདྲ་མིན་ལ་བརྟེན་ནས་སློབ་གཉེར་ཏག་ཏག་ཅིག་མི་ཐོབ། དེ་དག་ལ་དྲ་རྒྱ་ནི་ནང་ཆོས་སློབ་སྦྱོང་ཆེད་ཧ་ཅང་དགོས་གལ་ཆེན་པོ་ཆགས་ཡོད།

དེང་སང་དྲ་རྒྱའི་ནང་ནང་ཆོས་དང་བོད་ཀྱི་རིག་གཞུང་སྐོར་གནས་ཚུལ་ཧ་ཅང་མང་པོ་བཅུག་ཡོད། འགའ་ཞིག་གིས་གནས་ཚུལ་མ་ནོར་བ་ཏག་ཏག་མཁོ་སྤྲོད་བྱེད་ནའང་། སྟབས་མི་ལེགས་པ་ཞིག་ལ་ཁ་ཤས་ཡིད་རྟོན་རུང་བ་ཞིག་མེད། གནས་སྟངས་དེ་ལྟའི་སྐབས་ཨེ་ལེག་ཛན་ཌར་ བྷར་ཛིན་ལགས་ཀྱིས་ནང་ཆོས་སྐོར་ཁུངས་ལྡན་གནས་ཚུལ་འགའ་སྐད་ཡིག་འདྲ་མིན་ནང་ཕབ་སྒྱུར་ཞུས་ཏེ་བྷར་ཛིན་བཤད་མཛོད་དྲ་ལྗོངས་་ནང་རིན་མེད་དུ་སྟབས་བདེ་པོར་ལྟ་ཀློག་ཆེད་བཀོད་འདུག་པས་ང་རང་ཧ་ཅང་དགའ་ཚོར་ཆེ། ལྷག་པར་དུ་དབང་པོ་སྐྱོན་ཅན་རྣམས་ཀྱིས་སྦྱོང་སྤྱོད་ཐུབ་པའི་མཐུན་རྐྱེན་མང་པོ་ཞིག་བྷར་ཛིན་ལགས་ཀྱིས་ངལ་བ་ཆེན་པོས་གྲ་སྒྲིག་གནང་ཞིང་། སྦྱོང་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་པར་དམིགས་བསལ་དགའ་བ་ཆེ། གནས་ཚུལ་དེ་རིགས་ནི་རྒྱུན་དུ་ལྷོད་གཡེང་ཕྱིན་ནས་ཡོད།

ཨེ་ལེག་སེ་ལགས་ནི་གླིང་རིན་པོ་ཆེ་སྐུ་གོང་མའི་སློབ་མ་དང་གསུང་སྒྱུར་ཞིག་རེད། ཚེ་འདི་ལའང་ངེད་གཉིས་ཀྱི་འབྲེལ་བ་མུ་མཐུད་དེ་ཡོད། སྲོལ་རྒྱུན་དང་དེང་རབས་ཀྱི་ཐབས་ལམ་ཟུང་འབྲེལ་དུ་བློ་གྲོས་དང་སྙིང་རྗེ་ལྡན་པའི་ཐོག་ནས་འབྲེལ་ཡོད་གནས་ཚུལ་མཁོ་སྤྲོད་དང་ཆོས་ཕྱོགས་ཀྱི་ཉམས་ལེན་རྒྱུས་སྟོན་མཛད་པ་ལ་བརྟེན་ནས་འཛམ་གླིང་འདིའི་ནང་ཞི་བདེ་དང་བདེ་སྐྱིད་ཀྱི་ཁྱབ་པར་སྨོན་འདུན་ཞུ།། །།

མཚན་རྟགས། ཕྱི་ལོ་ ༢༠༠༩ ཟླ་ ༥ ཚེས་ ༡༩ ཉིན།

གླིང་རིན་པོ་ཆེའི་བཀའ་སློབ་འཁོད་པའི་ཡིག་ཆ་ངོ་མ།