བྷར་ཛིན་བཤད་མཛོད།

འབུམ་རམས་པ་ཨེ་ལེག་ཛན་ཌར་བྷར་ཛིན་གྱི་ནང་བསྟན་བཤད་མཛོད།

དྲ་ཤོག་དེའི་ནང་གི་ཡིག་ཐོག་ཅི་ཡོད་ལ་ཁ་ཕོད་པ། ཁ་ལོ་བ་གཙོ་བོར་མཆོངས། ཁ་ལོ་བ་གཙོ་བོར་རྒྱུགས།

དྲ་ཤོག་ངོ་གདོང་། > ང་ཚོའི་སྐོར། > ༸གོང་ས་ཏཱ་ལའི་བླ་མ་མཆོག་གི་བཀའ་སློབ་གསུང་འཕྲིན།

༸གོང་ས་ཏཱ་ལའི་བླ་མ་མཆོག་གི་བཀའ་སློབ་གསུང་འཕྲིན།

གསུང་འཕྲིན

དུས་རབས་ཉི་ཤུ་རྩ་གཅིག་པ་འདི་མདུན་སྐྱོད་བྱེད་བཞིན་པ་དང་སྦྲགས་དྲ་རྒྱ་ (internet) ནི་ཉིན་རེ་ལས་མ་བསྡད་པར་རྒྱ་ཁྱབ་ཏུ་འགྲོ་བཞིན་པ་དང་གོ་ལ་ཡོངས་ཀྱི་གནས་ཚུལ་ཕན་ཚུན་སྤེལ་རེས་སླད་གལ་ཆེ་བའི་རྒྱུད་ལམ་ཞིག་ཆགས་ཡོད། དེ་ག་ནང་བཞིན་ནང་ཆོས་དང་། དེའི་ལོ་རྒྱུས། བོད་ཀྱི་རིག་གཞུང་དང་འབྲེལ་བའི་བརྗོད་གཞི་མང་པོ་ཞིག་གཅིག་མཚུངས་རྒྱ་ཁྱབ་ཏུ་ཕྱིན་ཡོད་པ་བདེན་པ་རེད། ལྷག་པར་དུ་དཔེ་ཆ་དང་ཚད་ལྡན་གྱི་དགེ་རྒན་ཧ་ཅང་དཀོན་པོ་ཡོད་པའི་ལུང་པ་ཁག་གི་ནང་དྲ་རྒྱ་ནི་མི་མང་པོ་ཞིག་ལ་གནས་ཚུལ་མཁོ་སྤྲོད་བྱེད་མཁན་གཙོ་བོ་དེ་ཆགས་ཡོད།

གོ་ནོར་དང་ཕྱོགས་ལྷུང་གི་གནས་སྟངས་རྒྱ་ཁྱབ་ཏུ་ཡོད་པའི་འཛམ་གླིང་ཞིག་གི་ནང་། ཤེས་ཡོན་ནི་མི་མཐུན་པའི་རྐྱེན་གྱི་གཞིར་གྱུར་བའི་མ་རིག་པ་སྤོང་ཐབས་ཀྱི་གཉེན་པོ་སྟོབས་ཤུགས་ཆེ་ཤོས་དེ་ཡིན། དེར་བརྟེན་ངོས་ནས་སྐད་ཡིག་སྣ་ཚོགས་ལས་གྲུབ་པའི་འབུམ་རམས་པ་ཨེ་ལེག་ཛན་ཌར་ བྷར་ཛིན་ལགས་ཀྱི་དྲ་ལྗོངས་ (www.berzinarchives.com) ཞེས་པ་འདིར་ལེགས་སོ་སྔགས་བརྗོད་ཞུ་རྒྱུ་ཡིན། འདི་ནི་སློབ་གྲྭ་ཁག་མང་པོ་ཞིག་གི་ནང་རྩོམ་ཡིག་སྣ་ཚོགས་ཤིག་དང་། ནང་ཆོས་དང་བོད་ཀྱི་རིག་གཞུང་གི་རྩ་ཆེའི་ཁྱད་ཆོས་མང་པོ་ཞིག་ལ་དྲ་ཐོག་ནས་རྒྱུས་མངའ་བྱ་ཆེད་གལ་ཆེའི་ལག་ཆ་ཞིག་ཏུ་གྱུར།།  །།

ཕྱི་ལོ་ ༢༠༠༧ ཟླ་ ༡ ཚེས་ ༢༦ ཉིན། (མཚན་རྟགས།)

༸གོང་ས་ཏཱ་ལའི་བླ་མ་མཆོག་གི་བཀའ་སློབ་འཁོད་པའི་ཡིག་ཆ་ངོ་མ།