བྷར་ཛིན་བཤད་མཛོད།

འབུམ་རམས་པ་ཨེ་ལེག་ཛན་ཌར་བྷར་ཛིན་གྱི་ནང་བསྟན་བཤད་མཛོད།

དྲ་ཤོག་དེའི་ནང་གི་ཡིག་ཐོག་ཅི་ཡོད་ལ་ཁ་ཕོད་པ། ཁ་ལོ་བ་གཙོ་བོར་མཆོངས། ཁ་ལོ་བ་གཙོ་བོར་རྒྱུགས།

དྲ་ཤོག་ངོ་གདོང་། > ང་ཚོའི་སྐོར། > ཐུགས་རྗེ་ཆེ་ཞུ།

ཐུགས་རྗེ་ཆེ་ཞུ།

དྲ་ཚིགས་འདི་ནི་མི་མང་པོ་ཞིག་གི་འབད་རྩོལ་དང་། དཔལ་འབྱོར་གྱི་རོགས་རམ། ཆེད་ལས་དང་ཁྲིམས་མཐུན་གྱི་ལམ་སྟོན་གྱི་འབྲས་བུ་ཉིད་དུ་གྱུར། ཐོག་མར་བདག་གི་དྲིན་ཆེན་རྩ་བའི་བླ་མ་༸གོང་ས་༸སྐྱབས་མགོན་ཆེན་པོ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ལ་སྒོ་གསུམ་གུས་པ་ཆེན་པོས་དམིགས་བསལ་ཐུགས་རྗེ་དཀའ་དྲིན་ཆེ་ཞེས་ཞུ་རྒྱུ་དང་། དེ་ནས་ཕྲན་གྱི་དགེ་བའི་བཤེས་གཉེན་སེར་ཀོང་མཚན་ཞབས་རིན་པོ་ཆེ་དམ་པ་དང་། ཁོང་གི་ཡང་སྲིད་སེར་ཀོང་མཚན་ཞབས་རིན་པོ་ཆེ། ས་སྐྱ་ཁྲི་འཛིན། ཞིང་གཤེགས་དམ་པ་བཅོ་བརྒྱད་ཁྲི་ཆེན་རིན་པོ་ཆེ། ཞིང་གཤེགས་འདུས་འཇོམས་རིན་པོ་ཆེ། བེ་རུ་མཁྱེན་བརྩེ་རིན་པོ་ཆེ། ཞིང་གཤེགས་དགེ་བཤེས་ངག་དབང་དར་རྒྱས། དགེ་བཤེས་བསོད་ནམས་རིན་ཆེན། དགེ་བཤེས་ཟླ་བ། དགེ་བཤེས་དབང་ཆེན། དགེ་བཤེས་བསྟན་འཛིན་བཟང་པོ། དགེ་བཤེས་ཐེག་མཆོག་བཅས་ལ་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན། ངས་དྲ་ཚིགས་འདིའི་ནང་འབད་བརྩོན་བྱས་པ་ཐམས་ཅད་ཁོང་རྣམས་ཀྱིས་སློབ་ཁྲིད་དང་། དཀའ་དྲིན། བློ་སྟོབས་སྤེལ་བ་བཅས་ཀྱི་དྲིན་ཉག་ཅིག་ཡིན།

གཞན་ཡང་ Aldemar Hegewald ལགས་ཀྱི་དགོངས་ཚུལ་གཞིར་བཟུང་དྲ་ཚིགས་འདི་མངོན་དུ་གྱུར་བ་དང་། Christian Steinert, Katja Dalmühle, Rudy Harderwijk དང་དྲ་རྒྱའི་བཀོད་འདོམས་པ་ Dr. Wolfgang Saumweber ལགས་བཅས་ཀྱིས་ལས་གཞི་འདི་ལེགས་གྲུབ་ཡོང་བ་དང་ཉར་ཚགས་ཆེད་རོགས་རམ་གནང་བ། Marlene Eltshig ལགས་ཀྱིས་མདུན་ངོས་བྱུས་བཀོད་གནང་བ། Itay Noy and Dr. Monika Dräger རྣམ་གཉིས་ཀྱིས་དྲ་ཚིགས་བཟོ་བཀོད་ཐད་རོགས་རམ་གནང་བ། Peter Green དང་ Christian Dräger གཉིས་ཀྱིས་དྲ་ཚིགས་འཛིན་སྐྱོང་ཐད་རོགས་རམ་གནང་བ་བཅས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དེ་བཞིན་ང་རང་གི་རྩོམ་རིག་གི་རྒྱུ་ཆ་ཁག་ལ་ཞུ་དག་ (scanning) དང་། སྟབས་བདེའི་བེད་སྤྱོད་སླད་ཀམ་པུ་ཊར་ནང་འཇུག་ལས། (digitizing) རྩོམ་སྒྲིག་ལས་དོན། གཏམ་བཤད་ཁག་སྒྲ་ཡིག་འབེབ་སྒྱུར་དང་སྒྲ་ཕབ་བྱ་རྒྱུ། དྲ་ཚིགས་ཆེད་དྲུང་ཡིག་དང་ཁྲིམས་ཐོག་ལས་རིགས་ཁག དཔའ་འབྱོར་གྱི་རྒྱབ་སྐྱོར་བཅས་མཐུན་འགྱུར་རོགས་རམ་གནང་མཁན་བརྗོད་ཀྱིས་མི་ལང་བ་ཡོད་པས་ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

དྲ་ཚིགས་འདིས་རང་གཞན་སྐྱེ་བོ་ཚང་མར་གཏན་དུ་ཕན་ཐོགས་སྒྲུབ་ཐུབ་པའི་སྨོན་འདུན་ཞུ།། །།

ཨེ་ལེག་ཛན་ཌར་ བྷར་ཛིན།