བྷར་ཛིན་བཤད་མཛོད།

འབུམ་རམས་པ་ཨེ་ལེག་ཛན་ཌར་བྷར་ཛིན་གྱི་ནང་བསྟན་བཤད་མཛོད།

དྲ་ཤོག་དེའི་ནང་གི་ཡིག་ཐོག་ཅི་ཡོད་ལ་ཁ་ཕོད་པ། ཁ་ལོ་བ་གཙོ་བོར་མཆོངས། ཁ་ལོ་བ་གཙོ་བོར་རྒྱུགས།

དྲ་ཤོག་ངོ་གདོང་། > ང་ཚོའི་སྐོར། > བྷར་ཛིན་བཤད་མཛོད་སྐོར།

བྷར་ཛིན་བཤད་མཛོད་སྐོར།

དྲ་ཚིགས་འདིར་གཟིགས་མཁན་རྣམས་ཀྱིས་བསྟན་པ་འདི་དག་ལ་དོན་ཆེན་པོས་བརྟག་དཔྱད་བྱས་མཐར་སེམས་ཡོངས་སུ་དག་པ་དང་དགོས་དོན་སྨིན་པར་ཤོག གལ་ཏེ་འདི་ཕན་ཐོགས་པོ་ཞིག་ཏུ་གཟིགས་ཚེ། སེམས་ཅན་ཐམས་ཅད་ཀྱི་ཆེད་དུ་དེ་དག་སློབ་གཉེར་བྱས། ངེས་ཤེས་དྲངས་ཏེ་ཚུལ་བཞིན་དུ་ཉམས་ལེན་ནང་སྒྲིལ་རོགས་ཞེས་ཞུ་རྒྱུ་ཡིན།། །།  

བདག་གིས་སེམས་ཅན་རྣམས་ལ་ཆོས་ཀྱི་སྦྲང་ཆར་དབབ་ནས་སེམས་ཅན་ཀུན་ལ་དམ་ཆོས་གསལ་པོར་སྟོན་ནུས་པར་ཤོག།། །།

སེར་ཀོང་མཚན་ཞབས་རིན་པོ་ཆེ་སྐུ་ཕྲེང་གཉིས་པ་དང་ཨེ་ལེག་ཛན་ཌར་ བྷར་ཛིན། 

 

ཨེ་ལེག་ཛན་ཌར་ བྷར་ཛིན་གྱི་སྐུ་པར། ཨེ་ལེག་ཛན་ཌར་ བྷར་ཛིན་ལགས་ཀྱི་གསུང་རྩོམ་ཕྱོགས་བསྡུས་མཛད་པ་ཞིག་ཡིན་ཅིང་། མི་ལོ་ ༢༩ རིང་རྒྱ་གར་ནང་བོད་བརྒྱུད་ནང་བསྟན་ལ་ཐོས་བསམ་སྒོམ་གསུམ་གནང་། ཆབས་ཅིག་ཁོང་གིས་རང་གི་བླ་མ་ སེར་ཀོང་མཚན་ཞབས་རིན་པོ་ཆེ་སྐུ་གོང་མའི་གསུང་སྒྱུར་ཞུས་པ་དང་སྐབས་འགར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་གསུང་སྒྱུར་ཡང་ཞུས། ཕྱི་ལོ་ ༡༩༨༠ གྱ་གྲངས་ནས་བཟུང་འབུམ་རམས་པ་བྷར་ཛིན་ལགས་ཀྱིས་རྒྱལ་ཁབ་བདུན་བཅུ་ལྷག་ཙམ་ནང་གཙུག་ལག་སློབ་གྲྭ་ཆེན་མོ་དང་ནང་པའི་ཆོས་ཚོགས་ནང་སློབ་ཁྲིད་རྒྱ་ཆེ་མཛད།

དབྱིན་ཇིའི་སྐད་དང་དེ་མིན་སྐད་ཡིག་མང་པོའི་ནང་སངས་རྒྱས་ཀྱི་ཆོས་དང་འབྲེལ་བའི་གསུང་རྩོམ་ཤོག་ལྷེ་ ༣༠༠༠༠ ལྷག་ཡོད་པ་དང་། གསུང་སྒྲ་འཇུག་ཞུས་པའི་རིང་ཚད་ཆུ་ཚོད་ ༨༠༠ ལྷག་ཡོད། གཞན་ཡང་བྷར་ཛིན་བཤད་མཛོད་ནང་། 

  • བོད་དཔེའི་འགྱུར་དང་སྙིང་བསྡུས།
  • དཔར་སྐྲུན་ཟིན་པ་དང་མ་ཟིན་པའི་དཔེ་དེབ་བྲིས་མ། 
  • བྷར་ཛིན་ལགས་ཀྱི་གསུང་བཤད་སྒྲ་འཇུག་ཞུས་པ་སྒྲ་ཕབ། 
  • སློབ་གཞི་བརྒྱ་ཕྲག་ཁག་གི་སྒྲ་ཡིག་དང་འཆད་ཁྲིད། 
  • བྷར་ཛིན་ལགས་ཀྱི་བླ་མའི་སློབ་ཁྲིད་ཀྱི་ཟིན་བྲིས་དང་འགྱུར། 
  • ནང་པའི་མཁས་དབང་དང་ཁ་ཆེའི་མཁས་དབང་རྣམས་ལ་སྒེར་གྱི་དྲི་བ་དྲི་ལན། 
  • དབྱིན་ཇི་དང་། ཇར་མན། ཕེ་རན་ཆི། ཨུ་རུ་སུའི་རྩོམ་ཡིག་སྟོང་ཕྲག་གཅིག་ལྷག་ཙམ་བཀླགས་པའི་ཟིན་བྲིས། སྐར་རྩིས་དང་ནང་པའི་ཆེད་སྤྱོད་མིང་ཚིག་གི་བོད་དབྱིན་ཤན་སྦྱར་ཚིག་མཛོད་ཐུང་བ། 
  • བྷར་ཛིན་གྱི་འཛམ་གླིང་ནང་འགྲུལ་བཞུད་ཁག་དང་རང་བློར་གང་འཆར་གི་ཟིནཐོ།

ཞལ་འདེབས་ཡོང་ཁུངས་ཀྱི་རྒྱབ་སྐྱོར་ལ་བརྟེན་ནས་བོད་བརྒྱུད་ནང་བསྟན་གྱི་སྲོལ་རྒྱུན་བཞི་དང་དབུས་ཨེ་ཤི་ཡཱི་ལོ་རྒྱུས་དང་རིག་གཞུང་སློབ་གཉེར་ཆེད་སྐད་ཡིག་མང་པོའི་ནང་རིན་མེད་དུ་དྲ་ཐོག་ནས་ཐད་ཀར་མཁོ་འདོན་བྱ་རྒྱུ་ནི་བྷར་ཛིན་བཤད་མཛོད་ཀྱི་དམིགས་ཡུལ་ཞིག་ཡིན། དེ་ནི་Berzin Archives e.V.བརྒྱུད་མི་དམངས་ཁྲོད་ཇར་མན་ཁེ་ལས་མིན་པའི་ཚོགས་པ་ཞིག་གིས་སྦྱིན་བདག་གནང་ཡོད།(gemeinnütziger Verein Register Nr. 2423Nz, Berlin). 

བྷར་ཛིན་བཤད་མཛོད་ཀྱི་དྲ་ཚིགས་ཀྱིས་གཤམ་གསལ་གནད་དོན་ཁག་ལ་དོ་སྣང་སྒྲིམ་བཞིན་ཡོད། 

  • མདོ་སྔགས་དང་འབྲེལ་བའི་བོད་བརྒྱུད་ནང་བསྟན་གྱི་སྲོལ་རྒྱུ་འདྲ་མིན་ཁག་འགྲེལ་བཤད་རྒྱག་རྒྱུ།
  • དུས་འཁོར་དང་། སྐར་རྩིས། རྫོགས་ཆེན། ཕྱག་རྒྱ་ཆེན་པོ། 
  • སྒོམ་གྱི་དགོས་མཁོ་ཐེ་བའི་སློབ་གཉེར་དང་ཉམས་ལེན་གྱི་རིམ་པ། 
  • བོད་པའི་ཐབས་ལམ་དང་དེ་མིན་ནང་པའི་སྲོལ་རྒྱུན་གཞན་བར་གྱི་གཤིབ་སྡུར། 
  • ནང་པའི་ཐབས་ལམ་གྱིས་སྟོན་པའི་ཚོར་བ་སྙོམ་བྱེད་ལྟ་བུའི་སྦྱོང་བརྡར་གྱི་ལས་གཞི། 
  • ནང་པ་དང་ཁ་ཆེ་ཆོས་པའི་བར་གྱི་འབྲེལ་ལམ་གྱི་ལོ་རྒྱུས།

སྲོལ་རྒྱུན་གྱི་ཐབས་ལམ་དཔེ་རུ་བྱས་ཏེ་ཤོག་ལྷེ་རེ་རེའི་ནང་མགོ་རྙོག་གི་དྲི་བ་རེ་ཡོད། དེ་དག་མཉམ་དུ་སྦྱོར་རྒྱུའི་ལམ་ཞིག་སྟབས་བདེའི་སྦྲེལ་མཐུད་ (hyperlinks) ཀྱིས་སྟོན་གྱི་ཡོད།

དྲ་ཚིགས་འདི་ཕྱི་ལོ་ ༢༠༠༡ ལོར་འགོ་བཙུགས་པ་ནས་བཟུང་། ལས་གཞི་འདིས་ཕན་ཐོགས་རྒྱ་ཆེན་པོ་བསྐྲུན་དང་སྐྲུན་བཞིན་པར་ཡིད་ཆེས་ཤུགས་ཆེན་པོ་ཡོད་ཅིང་མི་མང་པོས་དེ་ལ་རོགས་རམ་གནང་བར་ཐུགས་རྗེ་ཆེ། ལས་དོན་ལྷག་འཕྲོས་ལེགས་གྲུབ་ཡོང་བར་ད་དུང་མཉམ་རུབ་ཀྱི་ལས་དོན་སྒྲུབ་དགོས་པ་དང་འབད་བརྩོན་ལོ་མང་བསྟེན་དགོས་ཀྱི་ཡོད་ཅིང་། ཆ་ཚང་ལེགས་གྲུབ་གནད་ལ་སྨིན་པ་ཡོང་བར་ཁྱེད་ཅག་གི་རོགས་རམ་གནད་འགག་ཤིན་ཏུ་ཆེ།

 ཐུགས་རྗེ་ཆེ།


ཌོག་ཌར་ Aldemar Hegewald
Berzin Archives e.V.ཀྱི་ཚོགས་གཙོ། 
 
Karsten Bachem
Berzin Archives e.V.ཀྱི་ཚོགས་གཞོན།

རྒྱལ་སྲས་ཆེན་པོ་ཞི་བ་ལྷས།

།བདག་ནི་མགོན་མེད་རྣམས་ཀྱི་མགོན། །ལམ་ཞུགས་རྣམས་ཀྱི་དེད་དཔོན་དང༌། །བརྒལ་འདོད་རྣམས་ཀྱི་གྲུ་དང་ནི། །གཟིངས་དང་ཟམ་པ་ཉིད་དུ་གྱུར། །གླིང་དོན་གཉེར་ལ་གླིང་དང་ནི། མར་མེ་འདོད་ལ་མར་མེ་དང༌།གནས་མལ་འདོད་ལ་གནས་མལ་དང༌། །བདག་ནི་ལུས་ཅན་བྲན་འདོད་པ། །ཀུན་གྱི་བྲན་དུ་གྱུར་པར་ཤོག། །།  །ཅེས་གསུངས།། །།